ཞི་ཅིན་ཕིང་གིས་ཀྲི་ལིའི་ཙུང་ཐུང་པོ་ལིས་ཆི་དང་གྲོས་མོལ་མཛད།
2023.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཀྲི་ལིའི་ཙུང་ཐུང་པོ་ལིས་ཆི་དང་གྲོས་མོལ་མཛད། 

ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཀྲི་ལིའི་ཙུང་ཐུང་པོ་ལིས་ཆི་དང་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་ཀྲི་ལི་ནི་ཀྲུང་གོ་གསར་བའི་བར་དུ་འབྲེལ་བ་བཙུགས་པའི་མེ་གླིང་ལྷོ་མའི་རྒྱལ་ཁབ་ཐོག་མ་ཡིན་ལ། ཀྲུང་གོ་དང་ལ་ཏེན་མེ་གླིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་སྔོན་སྐྱོད་པ་ཡང་ཡིན། ཀྲུང་གོ་དང་ཀྲི་ལིའི་བར་དུ་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་ནམ་ཡང་བརྟན་བརླིང་དང་བདེ་ཐང་ངང་གོང་དུ་འཕེལ་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱིས་རྒྱལ་ཁབ་རང་གི་དར་རྒྱས་གོང་འཕེལ་ལ་ཡར་སྐུལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་དང་ཀྲི་ལི་ནི་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་བོ་དང་འཕེལ་རྒྱས་མཉམ་གཉེར་གྱི་ཟླ་གྲོགས་བཟང་བོར་གྱུར་ཡོད། དེང་སྐབས་ཀྱི་གནས་བབ་འོག ཀྲུང་གོ་ཕྱོགས་ཀྱིས་ཀྲི་ལི་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱས་ཏེ། ཀྲུང་གོ་དང་ཀྲི་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དུས་རབས་ཀྱི་ནང་དོན་རྒྱུན་མ་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོ་དང་ནང་དོན་རྒྱས་བཤད་ཟབ་མོ་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཀྲི་ལི་རྒྱལ་ཁབ་གཉིས་ཀྱི་འདུ་ཤེས་གཅིག་ཏུ་འདྲེས་ཡོད་ལ། དུས་ནམ་ཡང་ཕན་ཚུན་བརྩི་བཀུར་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཡོད། ཕྱོགས་གཉིས་ཀྱིས་ཕ་རོལ་བ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་གོང་འཕེལ་གྱི་ལམ་དུ་བསྐྱོད་པར་མུ་མཐུད་དུ་རྒྱབ་སྐྱོར་བརྟན་པོ་བྱེད་དགོས་པ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་སྣང་ཆེན་པོར་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། རྒྱུད་གཅིག་ལམ་གཅིག་མཉམ་ལས་འཆར་གཞི་འགོད་རྒྱུ་དེ་གོ་སྐབས་སུ་བརྩིས་ཏེ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས་སོགས་སྲོལ་རྒྱུན་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། དག་གཙང་ནུས་ཁུངས་དང་གཞི་གྲངས་དཔལ་འབྱོར། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕར་སྣེ་གསར་བ་བསྐྱེད་ནས། ཀྲི་ལི་ནི་ཀྲུང་གོ་དང་ལ་ཏེན་མེ་གླིང་གིས་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་བཙན་རྫོང་ལྟ་བུར་འགྱུར་བར་བྱ་དགོས། ཀྲུང་གོས་ཀྲི་ལིའི་བར་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། དབུལ་ཕོངས་སེལ་བ་དང་ལྷད་མེད་ཚུལ་སྒྱུར། ཁོར་ཡུག་སྲུང་སྐྱོབ་སོགས་ཕྱོགས་ཀྱི་བྱེད་སྟངས་བཟང་བོ་མཉམ་སྤྱོད་བྱེད་འདོད་ཡོད་ལ། ཀྲི་ལིའི་བར་གྱི་མི་སྣའི་འགྲོ་འོང་སྟབས་བདེ་བར་བྱས་ཏེ་ཀྲུང་གོ་ཀྲི་ལིའི་འབྲེལ་བའི་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ་དང་རིག་གནས་བརྗེ་རེས་ལ་ཡར་སྐུལ་བྱས་ཏེ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་དོན་འཁྱོལ་བྱེད་པར་མིག་དཔེ་སྟོན་འདོད་ཡོད། ཀྲུང་གོ་དང་ཀྲི་ལི་ནི་འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན། ཀྲུང་གོས་ཀྲི་ལིའི་བར་གྱི་མཉམ་རྒྱལ་ཚོགས་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་སྒྲོམ་གཞིའི་ནང་གི་འབྲེལ་འདྲིས་གཞོགས་འདེགས་ལ་ཤུགས་བསྣན་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ལ། དོན་དམ་པའི་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོས་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་འབྲེལ་བ་གོང་དུ་སྤེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲི་ལི་ཕྱོགས་ཀྱིས་སྔར་བཞིན་དུ་ཀྲུང་གོ་ལ་ཏེན་མེ་གླིང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཐུན་མོང་མ་ཡིན་པའི་ནུས་པ་འདོན་རྒྱུའི་རེ་བ་བཅངས་ཡོད། 

ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཀྲི་ལིའི་ཙུང་ཐུང་པོ་ལིས་ཆི་དང་གྲོས་མོལ་མཛད། 

པོ་ལིས་ཆི་ཡིས་ཀྲི་ལིས་ཀྲུང་ཧྭའི་རིག་གནས་ལ་ཡིད་སྨོན་ཆེན་པོ་བྱེད་བཞིན་ཡོད་ལ། ཀྲུང་གོས་དབུལ་སེལ་དང་རུལ་རྒོལ་སོགས་ཕྱོགས་ནས་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད། ཀྲུང་གོས་ཀྲི་ལི་རིམས་ནད་ཀྱི་དཀའ་ངལ་ལ་འཕྲད་སྐབས་རོགས་རམ་ཆེན་པོ་གནང་བར་བཀའ་དྲིན་ཆེ། ཀྲི་ལིས་དུས་ནམ་ཡང་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱ་རྒྱུ་ཡིན་ལ། ཕྱོགས་གང་ཐད་ནས་ཀྲུང་གོར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དེ་ནི་ཀྲུང་གོའི་ལོ་ངོ་ལྔ་སྟོང་ལྷག་གི་སྲོལ་རྒྱུན་རིག་གནས་ལས་བྱུང་བ་དང་། འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་གྱི་རྩ་དོན་རྨང་གཞིར་བྱས་ཡོད་པས། འཛམ་གླིང་གི་རྒྱལ་ཁབ་སོ་སོས་གཉིས་ཕན་མཉམ་ལས་བྱེད་པའི་ལས་སྟེགས་གལ་ཆེན་དང་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གོ་སྐབས་གལ་ཆེན་དུ་གྱུར་ཡོད། ཀྲི་ལིས་དེར་གདེང་འཇོག་མཐོན་པོ་བྱེད་བཞིན་པར་མ་ཟད་མུ་མཐུད་དུ་ཧུར་ཐག་གིས་དེའི་ཁྲོད་ཟབ་ཞུགས་བྱ་རྒྱུ་ཡིན། ཀྲི་ལིས་ཡུན་རིང་བོར་དམིགས་ནས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་འཆར་འགོད་བྱ་རྒྱུ་ཡིན། ཀྲི་ལིས་ཀྲུང་གོའི་བར་གྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་འདྲིས་མཐུན་སྦྱོར་ཇེ་དམ་བཏང་ནས། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ལ་ཏེན་མེ་གླིང་དང་ཀྲུང་གོའི་འབྲེལ་བ་གོང་དུ་སྤེལ་བར་ནུས་པ་བཟང་བོ་འདོན་འདོད་ཡོད་ཟེར། 

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་འཕེལ་རྒྱས་མཉམ་ལས། ཐོན་ལས་དངུལ་གཏོང་། གཞི་གྲངས་དཔལ་འབྱོར། ཚན་རྩལ་གསར་གཏོད། འགག་སྒོའི་ཞིབ་བཤེར། ཞིང་ལས། ལྷོ་སྣེ། ཁེ་ལས་འབྲིང་ཆུང་གི་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་མཛད། ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ།

 ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཀྲི་ལིའི་ཙུང་ཐུང་པོ་ལིས་ཆི་དང་གྲོས་མོལ་མཛད། གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཅིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མའི་ནང་པོ་ལིས་ཆི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། 

གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཅིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མའི་ནང་པོ་ལིས་ཆི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། པོ་ལིས་ཆི་དང་མཉམ་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་བཤེར་མཛད་པ་དང་། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས། ཚའེ་ཆི་དང་ཝང་དབྱི་གཉིས་གོང་གསལ་བྱེད་སྒོར་ཞུགས།