ཞིང་ཆེན་སྲིད་གྲོས་ཀྱིས་ཟི་ལིང་རྒྱལ་ཁབ་སྐྱེ་དངོས་གླིང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་བཞུགས་མོལ་གྲོས་ཚོགས་བསྡུས།
2023.10.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཟི་ལིང་རྒྱལ་ཁབ་སྐྱེ་དངོས་གླིང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་བཞུགས་མོལ་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནན་དང་། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། འབྲེལ་ཡོད་དམངས་གཙོ་ཏང་ཁག་གི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་བློ་མཐུན་དང་། ཆེད་ལས་མཁས་པ་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་། ཞིང་ཆེན་སྲིད་གྲོས་མི་གྲངས་དང་ཐོན་ཁུངས། ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ། ཚང་མས་གཅིག་གྱུར་གྱིས་བལྟས་ན། ཟི་ལིང་རྒྱལ་ཁབ་སྐྱེ་དངོས་གླིང་འཛུགས་སྐྲུན་བྱེད་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་དང་། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་པར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྒུལ་ཤུགས་གསར་བ་དང་། གསོན་ཤུགས་གསར་བ་བསྣན་ཡོད།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། དམངས་སེམས་དམངས་དོན་ཐད་ཀྱི་བཞུགས་མོལ་གྲོས་ཚོགས་ནི། སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པའི་གསར་གཏོད་ཐབས་ལམ་ཞིག་ཡིན། ཞིང་ཆེན་སྲིད་གྲོས་ཀྱིས་ཟི་ལིང་རྒྱལ་ཁབ་སྐྱེ་དངོས་གླིང་འཛུགས་སྐྲུན་བྱ་བར་ཚད་མཐོའི་དོ་སྣང་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང་། དེའི་རྨང་གཞིའི་སྟེང《ཟི་ལིང་རྒྱལ་ཁབ་སྐྱེ་དངོས་གླིང་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་གཏོང་བའི》དམངས་ཀྱི་འདོད་བློ་གྲུབ་པར་བྱས་པས། ཞིང་ཆེན་དང་གྲོང་ཁྱེར་མགོ་ཁྲིད་ཀྱིས་ཚད་མཐོའི་གདེང་འཇོག་བྱས་ཡོད། ཕྱོགས་སོ་སོས་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་བྱ་བའི་བླང་བྱ་ལྟར། རང་འགུལ་གྱི་བྱེད་ཕྱོགས་དང་། འཆར་གཞི་སྔོན་ལ་འགོད་པ། སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ཏེ། དམངས་ཀྱི་འདོད་བློ་མཚོན་པའི་འབྲེལ་ཡོད་བསམ་ཚུལ་དེ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་དོན་དངོས་བྱེད་ཐབས་སུ་བསྒྱུར་ནས་གྲུབ་འབྲས་ངོ་མ་ལོན་པར་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་ཟབ་མོ་དང་ལག་བསྟར་བྱས་ཏེ། བསམ་བློའི་ངོས་ཟིན་སྔར་ལས་ཇེ་ཟབ་དང་ཆབ་སྲིད་ལངས་གནས་མཐོ་རུ་གཏོང་བ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ། ཟི་ལིང་རྒྱལ་ཁབ་སྐྱེ་དངོས་གླིང་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་རྟོགས་པར་བྱེད་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། འཛུགས་སྐྲུན་ལས་དོན་དང་འབྲེལ་བའི་གཙོ་གནད་ལས་འགན་དང་། གནད་འགག་གོ་རིམ་ལ་དམིགས་ཏེ་འགན་སྒྲུབ་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ནས། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་པ་དང་། འཛུགས་སྐྲུན་གཏམ་རྒྱུད་ཡག་པོར་བཤད་དེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་མཐུན་སྦྱོར་གཞོགས་འདེགས་ཤུགས་དྲག་ཏུ་བཏང་ནས་བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ། སྤུས་ཚད་མཐོན་པོས་ཟི་ལིང་རྒྱལ་ཁབ་སྐྱེ་དངོས་གླིང་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།