ཝང་ཧུའུ་ཉིང་གིས་སེར་ཝེ་ཡའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་བཅུ་བདུན་ཉིན་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།

ཟླ10པའི་ཚེས17ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་ཀྲུང་གོ་དང་སེར་ཝེ་ཡའི་ཆབ་སྲིད་ཡིད་ཆེས་སྲ་ཞིང་བརྟན་ལ། རྒྱུད་གཅིག་ལམ་གཅིག་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞིས་སེར་ཝེ་ཡར་བརྩེ་བ་ཟབ་མོ་བཅངས་ཡོད་ལ། སེར་ཝེ་ཡས་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་རིགས་ཀྱི་ལ་རྒྱར་སྲུང་སྐྱོབ་བྱེད་པར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོས་སེར་ཝེ་ཡ་ཕྱོགས་དང་ལག་གདང་མཉམ་སྦྲེལ་གྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་དང་སྐབས་འདིའི་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་བཟང་བོ་བྱས་ཏེ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་བསྟུད་མར་གོང་དུ་སྤེལ་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་སེར་ཝེ་ཡ་དང་མཉམ་དུ་ཀྲུང་གོ་དང་སེར་ཝེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་དྲང་ཕྱོགས་ཀྱི་ནུས་ཚད་གསར་བ་སྣོན་འདོད་ཡོད་ཅེས་གསུངས།

ཝུའུ་ཆི་ཆི་ཡིས་སེར་ཝེ་ཡ་དང་ཀྲུང་གོས་ཕན་ཚུན་ལ་ཡིད་ཆེས་ཆེན་པོ་བྱེད་བཞིན་པ་དང་ལྷག་བསམ་རྣམ་པར་དག་པའི་བརྩེ་བ་བཅངས་ཡོད། སེར་ཝེ་ཡས་ཀྲུང་གོའི་རྒྱབ་སྐྱོར་དང་རོགས་རམ་སེམས་ལ་བརྟན་པོར་བཅངས་ཡོད་ལ། ཀྲུང་གོའི་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་གྲོས་འགོ་རམ་དང་རིམ་པར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་དེའི་ཁྲོད་དུ་ཧུར་ཐག་གིས་ཞུགས་རྒྱུ་ཡིན་ཟེར།

ཧུའུ་ཁྲུན་ཧྭ་དང་མུའུ་ཧུང་། ཝང་ཏུང་ཧྥིན་བཅས་མཇལ་འཕྲད་ལ་ཞུགས།