ལིས་ཆང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ10པའི་ཚེས་17ཉིན་གྱི་ཕྱི་དྲོར།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ10པའི་ཚེས17ཉིན་གྱི་ཕྱི་དྲོར་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན།    ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་མཛའ་བརྩེའི་རྒྱུན་ཧ་ཅང་རིང་།   ཉེ་བའི་ལོ་འགའི་རིང་ལ།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ།  ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་།   ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་གནང་སྟེ་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གོ་རིམ་རྗེས་མའི་ལོ་ངོ་སུམ་ཅུ་བསྐྲུན་པའི་ཐད་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱསཡོད།     ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བཟང་བོ་བྱེད་པ་དང་ཕན་ཚུན་བར་དུ་ཆབ་སྲིད་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།   སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་རང་སོ་སོའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དཔུང་བ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད་འདོད་ཡོད།

ལིས་ཆང་གིས་བསྟན་དོན།    ཀྲུང་གོ་ཕྱོགས་ཀྱིས་སྔོན་དང་འདྲ་བར་ཧ་སག་སི་ཐན་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་།     ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱེད་རྒྱུ་དེ་འོད་ཟེར་བགྲོད་ལམ་གྱི་དཔལ་འབྱོར་སྲིད་ཇུས་གསར་བ་དང་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་བ།   ཞིང་ལས་དང་ཐོན་ནུས་སོགས་སྲོལ་རྒྱུན་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ།  5Gའཕྲིན་གཏོང་དང་གཞི་གྲངས་ཆེན་མོ།   གཞི་གྲངས་དཔལ་འབྱོར།   མིས་བཟོས་རིག་ནུས།   རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་བཟང་བོ་བྱེད་པ།  མཐའ་མཚམས་འགག་སྒོ་དང་ཁོངས་བརྒལ་ལྕགས་ལམ།   རྒྱལ་སྤྱིའི་སྐམ་མཚོའི་སྣ་མང་མཉམ་འདྲེན་སོགས་ཀྱི་ཕན་ཚུན་སྦྲེལ་མཐུད་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ།   རིག་གནས་ཡུལ་སྐོར་དང་སློབ་གསོ།  ན་གཞོན།   གློག་བརྙན།  ས་གནས་སོགས་མི་གཞུང་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ།    སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་འཕེལ་རྒྱས་ལ་སྔར་ལས་རོགས་འདེགས་བྱེད་འདོད་ཡོད།

ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན།   ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རང་སྟེང་གི་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གྲོས་འགོར་ཡོངས་སུ་རྒྱབ་སྐྱོར་བྱེད་པར་མ་ཟད་དེའི་ཁྲོད་ཧུར་ཐག་གིས་ཞུགས་ངེས་ཡིན།   ཀྲུང་གོ་ཕྱོགས་དང་མཉམ་དུ་ནུས་ཁུངས་དང་དཔལ་འབྱོར་ཉོ་ཚོང་།   དངུལ་གཏོང་།   ཞིང་ལས།  ཚན་རྩལ།   མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་ཧ་སག་སི་ཐན་དང་ཀྲུང་གོའི་བར་གྱི་དུས་ཡུན་རིང་བོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུད་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

                                                                                           ལྷ་མོ་ཚེ་རིང་གིས་བསྒྱུར།