ཞི་ཅིན་ཕིང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14



ཟླ10པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡུའེ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ10པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡུའེ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ད་ལོའི་ཟླ་ལྔ་པའི་ནང་དུ། ང་ཚོས་ཞི་ཨན་དུ་རྒྱལ་ཁའི་ཐུག་འཕྲད་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ད་ལྟ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་བཞིན་ཡོད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས“ཝུའུ་ཙི་པེ་ཁི་སི་ཐན་གྱི་ཉིས་སྟོང་སུམ་ཅུ་ལོའི”འཐབ་ཇུས་དངོས་སུ་བཏོན་ཡོད། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་ཀྱི་དམིགས་འབེན་འདྲ་མཚུངས་ཡིན་པ་དང་དེར་བཟུང་བའི་འདུ་ཤེས་ཀྱང་གཅིག་མཐུན་ཡིན། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུའི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་དངོས་ཀྱི་ཁྲོད། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་གཞོགས་འདེགས་བཅས་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ནས། ས་ཁུལ་ཞི་བདེ་དང་དར་རྒྱས་ཡོང་ཆེད་གཏན་འཁེལ་རང་བཞིན་དང་དྲང་ནུས་སྔར་ལས་གང་མང་སྣོན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། སྟོབས་ཤུགས་གང་རུང་གིས་ཁ་གཡར་ས་གང་རུང་ལ་བརྟེན་ནས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀས་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་གི་དུས་ཡུན་རིང་འབྲིང་གི་མཉམ་ལས་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་བར་གྱི་ལྕགས་ལམ་ལས་གཞི་གང་མགྱོགས་ཀྱིས་ལས་འགོ་རྩོམ་རྒྱུར་ཆ་རྐྱེན་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ནུས་ཁུངས་གསར་བ་དང་གསར་གཏོད། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆེར་བསྐྱེད་དེ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཁྱད་ལྡན་ཐོན་ལས་གང་མང་ནང་འདྲེན་བྱེད་འདོད་ཡོད་ཅིང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་ན་གཞོན་སྔར་ལས་གང་མང་ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་རྒྱུར་དགའ་བསུ་ཞུས་པ་ཡིན། ཕྱོགས་གཉིས་ཀས་ད་དུང་ཕན་ཚུན་བར་རིག་གནས་ལྟེ་གནས་དང་ལུའུ་པན་བཟོ་ཁང་འཛུགས་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། དབུལ་སེལ་གྱི་ཉམས་མྱོང་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ཞི་ཨན་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ནན་ཏན་བྱས་ནས། རྒྱལ་ཁབ་དྲུག་འཕེལ་རྒྱས་དང་དར་རྒྱས་གཏོང་རོགས་བྱ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

མུས་ཨར་ཅི་ཡུའེ་ཡེ་ཧྥུའུ་ཡིས་ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོ འཛམ་གླིང་ཡོངས་ཀྱི་ཤེས་རིག་གྲོས་འགོ་བཅས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་ལེའུ་གསར་བ་རྒྱུན་ཆད་མེད་པར་བརྩམས་ནས། ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།  ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལམ་སྲོལ་ནི་ས་ཁུལ་དང་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ལམ་སྲོལ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་རྒྱུར་སྐུལ་འདེད་གང་ལེགས་གཏོང་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།