ཞི་ཅིན་ཕིང་གིས་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ10པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།

ཟླ10པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་སེར་ཝེ་ཡ་ནི་ཀྲུང་གོའི་གྲོགས་མཆོག་ཡིན་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཅི་རིགས་ཐེག་ནས། ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་ཀྱི་མཛའ་མཐུན་འབྲེལ་བའི་དཔེ་མཚོན་བསྐྲུན་ཡོད། རྒྱལ་ཁབ་གཉིས་ཀའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དུ་ཕྱིན་ཡོད་ལ། སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་ཇེ་མཐོ་དང་ཇེ་ཆེར་འགྲོ་བཞིན་ཡོད། ན་ནིང་ཟླ་གཉིས་པར་ང་ཚོས་ཀྲུང་གོ་དང་སེར་ཝེ་ཡའི་བར་དུ་ཐད་གཏོང་གནམ་གྲུ་བཏང་བ་དང་། ཕྱོགས་གཉིས་ཀའི་རང་མོས་ཚོང་དོན་གྲོས་ཆོད་ལ་གྲོས་མོལ་བྱས་ནས། གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་པ་དེས། དུས་རབས་གསར་བའི་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ནུས་གསར་བ་སྣོན་ངེས་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ལ་དམིགས་ཏེ། ཕྱོགས་གཉིས་ཀས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་། ཕྱོགས་གཉིས་ཀའི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། སེར་ཝེ་ཡ་ཕྱོགས་དང་མཉམ་དུ། འཐབ་ཇུས་སྦྲེལ་མཐུད་ལ་མུ་མཐུད་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་བརྩེ་དེ་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་གང་མང་དུ་བསྒྱུར་འདོད་ཡོད། ཕྱོགས་གཉིས་ཀས་རིག་གནས་དང་སློབ་གསོ། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། དུས་རབས་གསར་བའི་ནང་དུ། ཀྲུང་གོ་དང་སེར་ཝེ་ཡའི་བར་གྱི་མཛའ་མཐུན་ལ་འོད་སྟོང་གསར་བ་འཕྲོ་བར་བྱ་དགོས་ཞེས་ནན་གྱིས་གསུངས།

ཝུའུ་ཆི་ཆི་ཡིས་སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོ འཛམ་གླིང་ཧྲིལ་བོའི་ཤེས་རིག་གྲོས་འགོ་བཅས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་མུ་མཐུད་འབད་པས་ཞུགས་ནས། ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པར་མ་ཟད། ཕྱོགས་གཉིས་ཀས་ད་དུང་མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།

མཇལ་འཕྲད་ཀྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དུས་འབྲིང་བྱ་སྤྱོད་འཆར་གཞི་དང་། ཐོན་ལས་དང་དངུལ་གཏོང་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ། རང་མོས་ཚོང་དོན་གྲོས་ཆོད་སོགས་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་གནང་།

ཚའེ་ཆི་དང་ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།