ཟླ10པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁི་ལ་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡ་ནི་ངས་“དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ”གྱི་གྲོས་འགོ་ཐོག་མར་བཏོན་ས་ཡིན། ལོ་ངོ་བཅུ་ཡི་རིང་ལ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོངས་བྱས་པ་དང་། ལེགས་ཆ་གསབ་རེས་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་བར་བརྟེན། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་ཧ་ཅང་ཆེན་པོ་བསྐྲུན་ནས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཉམ་སྐྲུན་གྱི་དཔེ་མཚོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེང་རབས་ཅན་དང་མི་རིགས་བསྐྱར་དར་གྱི་བགྲོད་ལམ་སྟེང་དུ། ཧིན་རྡུ་ཉི་ཞི་ཡ་དང་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱས་ནས། ཕྱོགས་གཉིས་ཀའི་འབྲེལ་བ་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས་ཏེ། ཕན་ཚུན་འཕེལ་རྒྱས་དང་དར་རྒྱས་གཏོང་ཆེད་སྔར་ལས་རྒྱབ་སྐྱོར་ཆེན་པོ་བྱས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ། འཛད་མཐའ་མེད་པའི་སྒུལ་ཤུགས་སྣོན་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་འཕེལ་རྒྱས་བཏང་སྟེ། སྔར་ཡོད་ལམ་སྲོལ་ལྟར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་མཉམ་དུ་ལག་གདང་སྦྲེལ་ནས་ཡག་པོར་སྐྱོད་འདོད་ཡོད། ཕྱོགས་གཉིས་ཀས་མཉམ་ལས་དམ་ཟབ་བྱས་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གོ་གནས་གཙོ་བོར་སྲུང་སྐྱོབ་བྱེད་པ་དང་། སྒོ་འབྱེད་ས་ཁོངས་རིང་ལུགས་དར་སྤེལ་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་གང་ལེགས་སྒོས་མཚོན་པར་བྱེད་པ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་བཅོས་སྒྱུར་ལ་གཞོགས་འདེགས་བྱས་ཏེ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོབ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཙའོ་ཁི་ཡིས་ཀྲུང་གོར་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྔར་ལས་ཆེ་རུ་བཏང་ནས། གློག་སྒུལ་རླངས་འཁོར་དང་དངུལ་རྩ། ནུས་ཁུངས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་ཅིང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་སྔར་ལས་སྦྲེལ་མཐུད་གང་ལེགས་བྱས་ནས། ས་ཁུལ་མཉམ་དུ་འཕེལ་རྒྱས་འགྲོ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་ཡོང་བར་རོགས་རམ་བྱེད་འདོད་ཡོད་ཅེས་བསྟན།
གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཡཱ་ཝན་མྱུར་བགྲོད་ལྕགས་ལམ་དངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས་པ་ཁྱབ་སྒྲོག་གནང་བར་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པ། གྲོང་གསེབ་དར་རྒྱས་དང་དབུལ་སེལ། རྒྱུན་མཐུད་འཕེལ་རྒྱས། རིམས་ནད་ཞིབ་བཤེར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་གནང་།
ཚའེ་ཆི་དང་ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།