ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།
ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། སྐྱོན་བྲལ་བརྟན་ལྷིང་དང་གསོན་ཤུགས་ཀྱིས་ཁེངས་པའི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དར་རྒྱས་གོང་འཕེལ་གཏོང་རྒྱུར་ཕན་པ་ཡོད་ལ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལའང་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་གྱིས་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་དང་ཧ་སག་སི་ཐན་ཕྱོགས་གཉིས་ཀྱིས་ཐོག་མའི་བསམ་འདུན་མཐའ་འཁྱོངས་དང་ཕན་ཚུན་རོགས་རེས་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་གྲོགས་འདུ་ཤེས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་དུས་གཏན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་བཅུའི་ཡར་སྔོན་ལ་ངས་ཧ་སག་སི་ཐན་དུ“དར་གོས་ཚོང་ལམ་དཔལ་འབྱོར་ཁུལ”མཉམ་སྐྲུན་བྱེད་རྒྱུའི་གྲོས་འགོ་ཐོག་མར་བཏོན་པ་ཡིན། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་བསྣན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གྲུབ་འབྲས་སྔར་ལས་མང་བོ་བླངས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ཕན་བདེ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་ཚོང་དོན་དང་མ་འཇོག་སྟབས་བདེ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ཐོན་ནུས་མ་འཇོག་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་གྱི་སྤུས་ལེགས་ལྷད་མེད་ཀྱི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ལྗང་མདོག་ནུས་རྒྱུའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་ པ། རྒྱལ་ཁབ་གཉིས་ཀྱི་ལྕགས་ལམ་དངོས་འདྲེན་གཞི་ཁྱོན་ཆེ་རུ་གཏོང་བ་སོགས་བྱས་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་དང་། གཞི་ཁྱོན། ལས་ཕྱོད་བཅས་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་མཉམ་ལས་ཀྱི་འཕར་གཞི་གསར་བ་གཏོད་པ་དང“གྲངས་འཛིན་དར་གོས་ཚོང་ལམ”བསྐྲུན་རྒྱུ་དེ“གྲངས་འཛིན་ཧ་སག་སི་ཐན”གྱི་འཐབ་ཇུས་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་དང་། མིས་བཟོས་རིག་སྟོབས། གཞི་གྲངས་ཆེན་མོ། ཁུལ་ཁོངས་སྦྲེལ་མཐུད་སོགས་གྲངས་འཛིན་ལག་རྩལ་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཧ་སག་སི་ཐན་བར་ཕན་ཚུན་ཐོངས་མཆན་མི་དགོས་པའི་གྲོས་ཆོད་ཀྱིས་ནུས་པ་ཐོན་བཞིན་ཡོད་པ་དང་། སང་ལོར་ཀྲུང་གོ་རུ་ཧ་སག་སི་ཐན་གྱི་ཡུལ་སྐོར་ལོ་གཉེར་རྒྱུ་ཡིན་པས་ཕྱོགས་གཉིས་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་དང་ས་གནས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། ལུའུ་པན་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། ཧ་སག་སི་ཐན་བར་གྱི་འབྲེལ་འདྲིས་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། ཧ་སག་སི་ཐན་གྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ནས་རྩ་འཛུགས་འདིའི་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཐའོ་ཁ་ཡེ་ཧྥུའུ་ཡིས་བསྟན་དོན། ཧ་སག་སི་ཐན་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ཐོག་མར་འདོན་ས་ཡིན་པ་དང་། ཉིན་དང་པོ་ནས་བཟུང་ཧ་སག་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས་ཧུར་ཐག་གིས་དེའི་ཁྲོད་ཞུགས་པ་ཡིན། ལོ་བཅུ་ཡི་རིང་ཀྲུང་གོ་འདི་ཉིད་འཛམ་གླིང་ཧྲིལ་པོའི་སྔོན་ཐོན་གྱི་རྒྱལ་ཁབ་ཆེན་པོར་གྱུར་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པར་འོད་སྟོང་འཕྲོ་བའི་གྲུབ་འབྲས་བླངས་ཡོད་པས། ཧ་སག་སི་ཐན་ཕྱོགས་ཀྱིས་ཐེངས་འདིའི་མཐོ་རིམ་གླེང་སྟེགས་རྒྱལ་ཁའི་ངང་ལེགས་འགྲུབ་ཡོང་བར་སྨོན་འདུན་ཞུ་རྒྱུ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།
རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཕན་ཚུན་སྦྲེལ་མཐུད་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་གནང་།
ཚའེ་ཆི་དང་ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།