ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ10པའི་ཚེས18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཀེན་ཐིན་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུའི་རིང་ལ། ཕྱོགས་གཉིས་ཀྱིས་དུས་ནམ་ཡང་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཡོད། ཉེ་བའི་ལོ་འགའི་རིང་ལ་ང་ཚོས་མཉམ་དུ་སྣེ་ཁྲིད་བྱས་པའི་འོག་ཏུ། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་འབྲེལ་བ་རྒྱུན་མ་ཆད་པར་ཆུ་ཚད་གསར་བར་གོང་འཕེལ་བྱུང་ཡོད། ཀྲུང་གོ་དང་ཨ་ཀེན་ཐིན་གཉིས་ཀ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་ལ། གཉིས་ཀས་རྒྱལ་ཁབ་དར་རྒྱས་གོང་འཕེལ་གཏོང་བ་དང་། མི་དམངས་ཀྱི་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་བྱེད་པ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ཡོད། ཀྲུང་གོས་ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ། འཐབ་ཇུས་ཀྱི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་སྟེང་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་མཐུན་སྒྲིལ་མཉམ་ལས་བྱེད་པའི་མིག་དཔེ་བསྐྲུན་འདོད་ཡོད། ཀྲུང་གོས་ཨ་ཀེན་ཐིན་གྱིས་དཔལ་འབྱོར་དང་དངུལ་རྩའི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན་ལ། ཨ་ཀེན་ཐིན་བར་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་དུ་ཞུགས་པར་རྟེན་འབྲེལ་ཞུས། ཁོང་གིས་ཀྲུང་གོ་དང་ཨ་ཀེན་ཐིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་སོགས་སྒྲོམ་གཞིའི་ནང་གི་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་དོན་འཁྱོལ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཟླ10པའི་ཚེས18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་ལ་མཇལ་འཕྲད་གནང་།

ཧྥེ་ཨར་ནན་ཏི་སི་ཡིས་ཀྲུང་གོ་ནི་ཨ་ཀེན་ཐིན་གྱི་དོན་དམ་གྱི་གྲོགས་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པ་སོགས་ཀྱི་གྲོས་འགོ་གལ་ཆེན་གྱིས་འཛམ་གླིང་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་གོ་སྐབས་གལ་ཆེན་བསྐྲུན་ཞིང་། འཛམ་གླིང་གི་ཞི་བདེ་དང་འདྲ་མཉམ། རྒྱུན་སྲིང་འཕེལ་རྒྱས་ཐད་དུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་བཏོན་ཡོད་པས། ཨ་ཀེན་ཐིན་དེར་ཡོངས་སུ་འཐད་པ་དང་དེར་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད། ཨ་ཀེན་ཐིན་གྱིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་རྒྱུ་ཡིན་ལ། ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཨ་ཀེན་ཐིན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་འཕེལ་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།