ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད།
2023.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ10པའི་ཚེས18ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད།

ཟླ10པའི་ཚེས18ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ཕུའུ་ཅིན་བསྟུད་མར་ཐེངས་གསུམ་ལ་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་དེ་ལས་ཨུ་རུ་སི་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་རྒྱབ་སྐྱོར་བྱས་པ་མཚོན་ཡོད། ཨུ་རུ་སི་ནི་ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ཨུ་རུ་སིའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་སྦུག་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་སྤྱོད་འགོ་ཚུགས་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་ཡོད་ཀྱི་ཕན་པ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་རྒྱུ་དེ་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བ་དང་གཏིང་ཟབ་པའི་ས་ཁོངས་མཉམ་ལས་བྱས་ནས་ཀྲུང་གོ་དང་མོང་གོལ། ཨུ་རུ་སིའི་རང་བྱུང་སོལ་རླངས་སྦུག་ལམ་རྣམ་གྲངས་ལ་མགྱོགས་མྱུར་ངང་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་རེ་བ་བྱེད་ཀྱིན་ཡོད། “ལེ་དབར་ཁྲི་ཡི་ཇ་ལམ”གྱི་རྒྱལ་མཚམས་བརྒལ་ནས་ཡུལ་སྐོར་མཉམ་ལས་ཡག་པོ་བྱས་ཏེ་ཀྲུང་མོང་ཨུ་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་བར་ཁྱམས་དེ་སྤུས་ཚད་མཐོ་བའི་སྦྲེལ་མཐུད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྲུན་རྒྱུར་རེ་བ་བྱེད་ཀྱིན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡུན་རིང་གི་ཁྱིམ་མཚེས་མཛའ་མཐུན་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཕན་མཉམ་ལས་བཅས་ཀྱི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ནི་སྐབས་བསྟུན་ཐབས་ཇུས་ཤིག་མིན་པར་ཡུན་རིང་གི་བྱེད་ཐབས་ཤིག་ཡིན། སང་ལོ་ནི་ཀྲུང་ཨུའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་ཡང་དག་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གཞི་ཚུགས་ཏེ་ཕྱོགས་གཉིས་ཀའི་མཉམ་ལས་ཀྱི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། ཨུ་རུ་སིའི་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱས་པའི་མི་རིགས་བསྐྱར་དར་གྱི་ལམ་བུའི་ཐོག་བསྐྱོད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ཀྲུང་ཨུའི་དངོས་གཉེར་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མཉམ་ལས་བྱས་ཏེ2024ལོ་ནས2025ལོའི་བར་གྱི་ཀྲུང་ཨུའི་རིག་གནས་ལོ་གོ་སྐབས་སུ་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བརྗེ་རེས་ཀྱི་བྱེད་སྒོ་སྔར་ལས་མང་བོ་སྤེལ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཅང་མ་འགོར་བའི་སྔོན་ལ། གསེར་གྱོམ་རྒྱལ་ཁབ་ལ་ལོ་རྒྱུས་རང་བཞིན་གྱི་ཁོངས་གཏོགས་རྒྱལ་ཁབ་ཇེ་མང་དུ་སོང་བ་དེ་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་ཀྱིས་སང་ལོར་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཁ་ཧྲན་དུ་ཐུག་འཕྲད་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཨུ་རུ་སི་ཕྱོགས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས་འབྲུ་རིགས་བདེ་འཇགས་དང་། ནུས་ཁུངས་བདེ་འཇགས། འཛམ་གླིང་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་བཅས་སྲུང་སྐྱོང་བྱ་ཆེད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱས་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་དང་ས་ཁུལ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།

ཟླ10པའི་ཚེས18ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད།

ཕུའུ་ཅིན་གྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་བཅུའི་སྔོན་ལ་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོར་གྲུབ་འབྲས་ཆེན་པོ་ཐོབ་ནས་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་གལ་ཆེན་ཞིག་ཏུ་གྱུར་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོའི་སྟེང་སྤེལ་བའི་གཙོ་དོན་གསུང་བཤད་ལ་ཚད་མཐོའི་གདེང་འཇོག་བྱ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བོ་དང་དགོངས་པ་ཟབ་མོར་བསྔགས་བརྗོད་བྱ་རྒྱུ་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་རླབས་ཆེན་གྱི་བྱ་གཞག་འདིར་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་རྒྱུར་ཡིད་ཆེས་ཡོད་ལ་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ད་ལོའི་ཟླ3པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིར་རྒྱལ་ཁའི་ངང་རྒྱལ་དོན་འཚམས་འདྲི་གནང་བ་དང་། ང་ཚོས་གནད་དོན་གལ་ཆེན་མང་བོའི་ཐད་འབྲེལ་གཏུག་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ནན་ཏན་བྱེད་བཞིན་ཡོད། རྒྱལ་སྤྱིའི་གནས་བབ་ལ་འཕོ་འགྱུར་བྱུང་བ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་འཐབ་ཇུས་ཀྱི་བརྡར་ཤ་བཅད་པ་དེ་ར་སྤྲོད་བྱུང་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་ནང་གི་མཐུན་སྦྱོར་མཉམ་ལས་དམ་ཟབ་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱས་ཏེ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སང་ལོར་རྒྱལ་ཁབ་གཉིས་བརའབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ཏེ་ཨུ་ཀྲུང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་བབ་སོགས་ལ་དགོངས་འཆར་བརྗེ་རེས་གནང་།

ཚའེ་ཆི་དང་ཝང་དབྱི་གྲོས་མོལ་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།