ཟླ10པའི་ཚེས18ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་མཉམ་སྦྲེལ་མཉམ་མཐུད་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཏེན་ཞུའེ་ཞང་གིས་ཤིས་ཚིག་ཁྲོད་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོ་རིམ་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ཐད་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་། ཉམས་མྱོང་གལ་ཆེན་སྤྱི་སྡོམ་བྱས་པ་དང་འགུལ་སྐྱོད་གལ་ཆེན་སྐོར་ཞིག་ཁྱབ་བསྒྲགས་བྱས་ཤིང་ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱི་ཁས་ལེན་ཐོབ།
ཏེན་ཞུའེ་ཞང་གིས་བསྟན་དོན། ཕྱོགས་སོ་སོའི་འབད་འཐབ་འོག་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་ལྗིད་ཏིག་ཏིག་གི་གྲུབ་འབྲས་ཐོབ་ནས་དགའ་བསུ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་སྟེགས་བུ་རུ་གྱུར་ཡོད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་འཕེལ་རྒྱས་འཚོལ་སྙེག་བྱེད་པ་དང་། མཉམ་རྒྱལ་ལ་བརྩི་བཀུར་བྱེད་པ། རེ་བ་བརྒྱུད་སྤྲོད་བྱས་ཏེ། འཛམ་གླིང་ལ་བདེ་སྐྱིད་བསྐྲུན་པའི་འཕེལ་རྒྱས་ཀྱི་རྒྱུད་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་པ་བསྐྲུན་པའི་བདེ་སྐྱིད་ལམ་ཆེན་དུ་འགྱུར་བར་བྱེད་དགོས།
ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་བར་ལག་གདང་སྦྲེལ་ནས་ཕྱོགས་ཡོངས་ནས་ཁྱབ་ཁོངས་མང་བོའི་མཉམ་སྦྲེལ་མཉམ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་ཇུས་ཐད་ཀྱི་འབྲེལ་འདྲིས་གཏིང་ཟབ་ཏུ་བཏང་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་ཁོར་ཡུག་སྲ་བརྟན་དང་རྒྱ་བསྐྱེད་དགོས། སྒྲིག་ཆས་འབྲེལ་མཐུད་ལ་ཤུགས་བསྣན་ནས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་སྔར་ལས་གེགས་མེད་དང་ནུས་ལྡན་དུ་གཏོང་དགོས། ཉོ་ཚོང་གེགས་མེད་དུ་གཏོང་བར་ཤུགས་བསྣན་ནས་གཉིས་ཕན་མཉམ་རྒྱལ་གྱི་ཉོ་ཚོང་རོགས་རེས་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏོང་དགོས། མ་དངུལ་མཉམ་འདྲེས་རྒྱ་སྐྱེད་བཏང་ནས་སྣ་མང་དང་དཀྱེལ་ཡངས། རྒྱུན་མཐུད་རུང་བའི་དངུལ་གཏོང་མ་ལག་ལ་སྐུལ་འདེད་གཏོང་དགོས། དམངས་སེམས་མཉམ་འབྲེལ་ལ་སྐུལ་འདེད་གཏོང་བ་དང་། རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་མི་གཞུང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས། མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་གཏོད་ནས་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་འཕེལ་རྒྱས་སུ་གཏོང་དགོས།
ཐུའུ་ཁུའུ་མན་སི་ཐན་གྱི་མི་རིགས་ཀྱི་གཙོ་འཛིན། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏི་མུའུ་ཧཱ་མའེ་ཏོ་ཧྥུའུ་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁུ། ལའོ་ཝའོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི། ཕ་ཁི་སི་ཐན་གྱི་ཙུང་ལི་ཁཱ་ཁཱ་ཨར། ཨེ་ཅེབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལེ། ཨེ་ཙི་ཨོ་ཕུ་ཡའི་ཙུང་ལི་ཨ་པིས། ཧང་ག་རིའི་ཙུང་ལི་ཨོར་པན་བཅས་ཀྱིས་སྔ་གཞུག་ཏུ་ཤིས་ཚིག་ཕུལ།
མི་ཕམ་མགོན་པོས་བསྒྱུར།