ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་མཇལ་འཕྲད་གནང་།
2023.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ10པའི་ཚེས18ཉིན་གྱི་དགོང་མོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཟླ10པའི་ཚེས18ཉིན་གྱི་དགོང་མོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   དེང་སྐབས་ཀྱི་འཛམ་གླིང་ཉེན་ཁ་དང་འགྲན་རྩོད་མང་བོར་འཕྲད་ཡོད་པས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཐུན་སྒྲིལ་མཉམ་ལས་བྱས་ཏེ་འཕེལ་རྒྱས་གནད་དོན་ལ་སྔར་ལས་མཐོང་ཆེན་བྱེད་དགོས།    ངས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་དོན་ནི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་མང་མཉམ་དུ་ཐག་གཅོད་པའི་བགྲོད་ལམ་ཡང་དག་འཚོལ་བའི་ཆེད་དུ་ཡིན་ལ།  རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་འཛམ་གླིང་འཕེལ་རྒྱས་གྲོས་འགོ་འདོན་དོན་ནི་དྲང་ནུས་སྔར་ལས་མང་བོ་གཅིག་བསྡུས་བྱས་ཏེ་རྒྱལ་ཁབ་སོ་སོའི་ཐུན་མོང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་།    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་རོགས་འདེགས་བྱས་ཏེ་རྒྱལ་ཁབ་གཅིག་ཀྱང་མི་ལུས་པར་བྱེད་རྒྱུ་དེ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན།   རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འགོ་བཏོན་ནས་ལོ་བཅུ་འགོར་བའི་རིང་ལ་དངོས་ཡོད་ཀྱི་གྲུབ་འབྲས་མང་བོ་བླངས་པ་དང་།  ཉིན་བཞིན་ཡར་རྒྱས་འགྲོ་བའི་སྐྱེ་སྟོབས་ཀྱི་གསོན་ཤུགས་མངོན་ཡོད།    རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་རྒྱུ་དེ་ཀུན་གྱིས་དགའ་བསུ་ཐོབ་པའི་འཛམ་གླིང་གི་སྤྱི་བའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་སྟེགས་བུར་གྱུར་ཡོད།   མཉམ་འབྲེལ་རྒྱལ་ཚོགས་ནི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་སྤུན་ཟླ་གལ་ཆེན་ཡིན།   ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང་མཉམ་དུ་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་འཇོག་འདོད་ཡོད།   ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སིའི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་།   མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་དང་ཕྱོགས་མང་རིང་ལུགས་དང་འཛམ་གླིང་སྣེ་མང་ཅན་ལ་ཡར་སྐུལ་བྱས་ཏེ་འཛམ་གླིང་བཅོས་སྐྱོང་བྱེད་རྒྱུ་དེ་དྲང་གཞག་ལུགས་མཐུན་གྱི་ཁ་ཕྱོགས་བརྒྱུད་དེ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཟླ10པའི་ཚེས18ཉིན་གྱི་དགོང་མོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཀུའུ་ཐི་ལེ་སིས་བསྟན་དོན།   འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་རྨང་གཞིའི་སྒྲིག་ཆས་དང་མ་དངུལ་གཏོང་བའི་ཐད་ཉམས་ཞན་དང་འདྲ་མཉམ་མིན་པའི་གནས་སུ་ཡོད་པ་དང་།  རྒྱལ་སྤྱིའི་དངུལ་རྩ་མ་ལག་གིས་མིག་སྔའི་འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་གནས་བབ་ཚུར་སྣང་བྱེད་མི་ཐུབ་པས། མྱུར་དུ་བཅོས་སྒྱུར་བྱེད་དགོས།   ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྲོས་འགོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ལ་རོགས་བྱེད་པའི་ཐད་ཧ་ཅང་གལ་ཆེ་ཞིང་ནུས་ཡོད་ཀྱི་བྱེད་ཐབས་འདོན་སྤྲོད་བྱས་པ་དང་།   འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་མཚོན་བསྐྲུན་ཡོད།   ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་སྟེང་བསྒྲགས་པའི་འགུལ་སྐྱོད་བརྒྱད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་དོན་དང་དམིགས་འབེན་དང་ཡོངས་སུ་མཐུན་པར་མ་ཟད།  འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མགྱོགས་མྱུར་ངང་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཕན་པ་ཡོད།    མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ།   ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་ཆེན་མོ་གསུམ་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཤུགས་འདོན་ངེས་ཡིན།

ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།

                                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།