ཟླ10པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ།《སྒོ་འབྱེད་དཀྱེལ་ཡངས་དང་མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་བསྐྲུན་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གཙོ་དོན་གསུང་བཤད་གནང་། ཞི་ཅིན་ཕིང་གིས་ཀྲུང་གོས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁྱབ་སྒྲོག་གནང་ནས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་རུ་འཕེལ་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།
ཟླ10པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ།《སྒོ་འབྱེད་དཀྱེལ་ཡངས་དང་མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་བསྐྲུན་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གཙོ་དོན་གསུང་བཤད་གནང་།
གསེར་ལྡན་སྟོན་གྱི་དུས་འདིར་གནམ་ངོ་གཡའ་དག་ཅིང་རླུང་གི་རྒྱུ་བ་འཇམ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། “རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་ཁྲོད་ཞུགས་པའི་རྒྱལ་ཁབ་སོ་སོའི་རྒྱལ་དར་ལྷབ་ལྷུབ་ཏུ་བསྐྱོད་བཞིན་ཡོད།
མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་ཕྱིའི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་སོགས་རྒྱལ་སྤྱིའི་སྐུ་མགྲོན་རྣམས་གཅིག་རྗེས་གཉིས་མཐུད་ངང་འབྱོར་བ་དང་། མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཚོམས་ཆེན་གཞོགས་གཉིས་ཀྱི་བརྙན་ལེབ་ངོས་སུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་ལོ་ངོ་བཅུ་འཁོར་བའི་རིང་ཐོབ་པའི་ལྗིད་ཏིག་ཏིག་གི་གྲུབ་འབྲས་སྟོན་གྱིན་འདུག
ཟླ་10པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ།《སྒོ་འབྱེད་དཀྱེལ་ཡངས་དང་མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་བསྐྲུན་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གཙོ་དོན་གསུང་བཤད་གནང་། འདི་ནི་གྲོས་ཚོགས་ཀྱི་སྔོན་ལ། ཞི་ཅིན་ཕིང་དང་མཉམ་དུ་མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་ཕྱིའི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་མི་སྣ་སོགས་རྒྱལ་སྤྱིའི་སྐུ་མགྲོན་ཚོ་དང་ལྷན་དུ་བསྐྱོན་པའི་མཉམ་པར་རེད།
ཟླ10པའི་ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ།《སྒོ་འབྱེད་དཀྱེལ་ཡངས་དང་མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་བསྐྲུན་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གཙོ་དོན་གསུང་བཤད་གནང་། འདི་ནི་གྲོས་ཚོགས་ཀྱི་སྔོན་ལ། ཞི་ཅིན་ཕིང་དང་མཉམ་དུ་མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་ཕྱིའི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་མི་སྣ་སོགས་རྒྱལ་སྤྱིའི་སྐུ་མགྲོན་ཚོ་དང་ལྷན་དུ་བསྐྱོན་པའི་མཉམ་པར་རེད།
ཞི་ཅིན་ཕིང་གིས་མགོ་རྩོམ་མཛད་སྒོར་ཞུགས་པའི་ཕྱིའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན།
《ཞི་བདེ་དང་ལས་སྐལ་གཅིག་མཐུན་ཚོགས་པ》ཞེས་པའི་རོལ་དབྱངས་ཀྱི་འགྲོས་དང་བསྡོངས་ཏེ། ཞི་ཅིན་ཕིང་ཕྱིའི་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་དང་མཉམ་དུ་ཚོགས་རར་ཕེབས་པ་ན། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཟླ10པའི་ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ།《སྒོ་འབྱེད་དཀྱེལ་ཡངས་དང་མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་བསྐྲུན་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གཙོ་དོན་གསུང་བཤད་གནང་། འདི་ནི་ཞི་ཅིན་ཕིང་རྒྱལ་སྤྱིའི་སྐུ་མགྲོན་ཚོ་དང་ལྷན་དུ་ཚོགས་རར་བསྐྱོད་པའི་ཚུལ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས《སྒོ་འབྱེད་དཀྱེལ་ཡངས་དང་མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་བསྐྲུན་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གཙོ་དོན་གསུང་བཤད་གནང་།
ཟླ10པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ།《སྒོ་འབྱེད་དཀྱེལ་ཡངས་དང་མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་བསྐྲུན་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གཙོ་དོན་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་ད་ལོ་ནི་ངས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་ངོ་བཅུ་འཁོར་བའི་ལོ་ཡིན། གྲོས་འགོ་དེ་བཏོན་པའི་ཐོག་མའི་བསམ་འདུན་ནི། གནའ་བོའི་དར་གོས་ཚོང་ལམ་དཔྱད་གཞིར་འཛིན་པ་དང་ཕན་ཚུན་སྦྲེལ་མཐུད་གཙོ་བོར་འཛིན་པ། རྒྱལ་ཁབ་སོ་སོའི་བར་སྲིད་ཇུས་འབྲེལ་མཐུད་དང་སྒྲིག་བཀོད་འབྲེལ་མཐུད་བྱེད་པ། ཚོང་དོན་ཤར་གཏོང་དང་མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་མཐུན་བཅས་ལ་ཤུགས་བསྣན་ཏེ། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྒུལ་ནུས་གསར་བ་བསྣན་ནས། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་བར་སྟོང་གསར་བ་བསྐྲུན་པ་དང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ལ་ལས་སྟེགས་གསར་བ་བསྐྲུན་ཆེད་ཡིན། ལོ་ངོ་བཅུའི་རིང་ལ། ང་ཚོས་ཐོག་མའི་བསམ་འདུན་བརྟན་སྲུང་དང་ལག་གདང་སྦྲེལ་ནས་མཉམ་སྐྱོད་བྱས་ནས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། དེ་བསྟུན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་དེ་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོ་ནས་ཨ་ཧྥེ་རི་ཁ་དང་ལ་ཏེན་མེ་གླིང་བར་སྣུར་སྲིང་བྱས་པ་དང་། རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ལྷག་དང་རྒྱལ་སྤྱིའི་རྩ་འཛུགས་སུམ་ཅུ་ལྷག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆ་བཀོད་ནས། ཆེད་ལས་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་ལས་སྟེགས་ཉི་ཤུ་ལྷག་བཙུགས་པ་དང་། མཚོན་དོན་རང་བཞིན་གྱི་ལས་གཞི་དང་དམངས་ཚིས་ལ་ཕན་པའི“ཆུང་ལ་མཛེས་པའི”ལས་གཞི་འབོར་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། མཉམ་སྐྲུན་མཉམ་སྤྱོད་དང་སྒོ་འབྱེད་དཀྱེལ་ཡངས། ལྗང་མདོག་བབ་གཙང་། ཚད་གཞི་མཐོ་ཞིང་དམངས་ཚིས་ལ་ཕན་པ། རྒྱུན་སྲིང་ཡིན་པ་བཅས་རྒྱུན་མཐུད་ཐུབ་པར་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་མཛུབ་སྟོན་རྩ་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་ངོ་བཅུ་ཡི་རིང་ལ། ང་ཚོས་དཔལ་འབྱོར་བར་ཁྱམས་ཀྱིས་སྣེ་ཁྲིད་བྱེད་པ་དང་། ལམ་ཆེན་དང་ཆ་འཕྲིན་མྱུར་བགྲོད་གཞུང་ལམ་སྒྲོམ་གཞི་བྱེད་པ། ལྕགས་ལམ་དང་གཞུང་ལམ། གནམ་གྲུ་འབབ་ཐང་། གྲུ་ཁ། སྦུག་ལམ་དྲ་བ་བཅས་ལ་བརྟེན་པ་དང་། སྐམ་ས་དང་མཚོ། མཚེའུ། མཁའ་དབྱིངས། དྲ་བ་བཅས་ཚུད་པའི་འཛམ་གླིང་ཡོངས་ཀྱི་དྲ་སྦྲེལ་འབྲེལ་མཐུད་དྲ་རྒྱ་བསྐྲུན་པ་དེས། རྒྱལ་ཁབ་སོ་སོའི་ཚོང་ཟོག་དང་མ་དངུལ། ལག་རྩལ། མི་སྣ་བཅས་ཀྱི་འཁོར་རྒྱུག་ཆེན་པོར་སྐུལ་འདེད་ནུས་ལྡན་བཏང་བ་དང་། ལོ་ངོ་སྟོང་ལ་ཁྱབ་པའི་གནའ་བོའི་དར་གོས་ཚོང་ལམ་ལ་དུས་རབས་གསར་བར་ཡོད་འོས་པའི་གསོན་ཤུགས་གསར་བ་འཕེལ་བར་སྐུལ་འདེད་བཏང་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་རྒྱུན་འཁྱོངས་བྱས་ཏེ། དཔལ་ཡོན་དང་རིག་གནས། སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་དུས་མཚམས་བཅས་མི་འདྲ་བའི་བར་ཁྱད་ལས་བརྒལ་ནས། རྒྱལ་ཁབ་སོ་སོའི་བར་འགྲོ་འོང་བྱེད་པའི་ཐབས་ལམ་གསར་པ་བསྐྲུན་པ་དང་། རྒྱལ་སྤྱིའི་མཉམ་ལས་ཀྱི་སྒྲོམ་གཞི་གསར་བ་བསྐྲུན་ཏེ། མིའི་རིགས་ཡོངས་མཉམ་དུ་འཕེལ་རྒྱས་འགྲོ་བའི་མཐུན་ཆ་ཆེ་ཤོས་གཅིག་སྡུད་བྱས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་འདས་པའི་ལོ་བཅུའི་རིང་ཐོབ་པའི་གྲུབ་འབྲས་ཧ་ཅང་རྩ་ཆེན་ཡིན་པ་དང་། དེའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་རིན་ཡོད། མིའི་རིགས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་ཞིག་ཡིན་པ་ང་ཚོར་ངོས་འཛིན་གཏིང་ཟབ་བྱུང་ཡོད། འཛམ་གླིང་ཡག་པོ་བྱུང་ན་ཀྲུང་གོ་གཞི་ནས་ཡག་པོ་ཡོང་ཐུབ་པ་དང་། ཀྲུང་གོ་ཡག་པོ་བྱུང་ན་འཛམ་གླིང་སྔར་ལས་ཡག་པོ་ཡོང་ཐུབ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་བརྒྱུད། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ་དང་། ཀྲུང་གོའི་ཁྲོམ་ར་དང་འཛམ་གླིང་གི་ཁྲོམ་རའི་བར་གྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་ཕྱིན་ཡོད། མཉམ་ལས་མཉམ་རྒྱལ་བྱས་ན་གཞི་ནས་ལས་ཀ་སྒྲུབ་ཐུབ་པ་དང་བྱ་བ་བཟང་བོར་སྒྲུབ་ཐུབ་པ། བྱ་བ་ཆེན་པོ་སྒྲུབ་ཐུབ་པ་བཅས་ང་ཚོར་ངོས་འཛིན་གཏིང་ཟབ་བྱུང་ཡོད། རྒྱལ་ཁབ་སོ་སོར་མཉམ་ལས་ཀྱི་འདུན་པ་དང་མཐུན་སྦྱོར་གྱི་ལག་ལེན་ཡོད་པ་ཡིན་ན། གཞི་ནས་རང་བྱུང་འོབས་དོང་ཆེན་པོ་དེ་བགྲོད་ལམ་དུ་བསྒྱུར་ཐུབ་པ་དང་། “སྐམ་སའི་ཕྱི་ཕྱོགས་ལ་འབྲེལ་འདྲིས་ཆད་པའི་རྒྱལ་ཁབ”དེ་“སྐམ་སའི་འབྲེལ་མཐུད་རྣམ་པའི་རྒྱལ་ཁབ”ཏུ་འགྱུར་ཐུབ་ལ། འཕེལ་རྒྱས་ཀྱི་གཞོང་ས་དེ་དར་རྒྱས་ཀྱི་མཐོ་ས་རུ་འགྱུར་ཐུབ། ཞི་བདེ་མཉམ་ལས་དང་སྒོ་འབྱེད་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱེད་པ། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་ནི།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པ་ང་ཚོར་ངོས་འཛིན་གཏིང་ཟབ་བྱུང་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུར་མཐོང་ཆེན་བྱེད་པ་ནི། མཛུབ་མོ་ལྔ་བཅིངས་ཁུ་ཚུར་ནང་བཞིན། ཕན་ཚུན་རོགས་རེས་བྱས་ན་གཞི་ནས་རྒྱང་དུ་བསྐྱོད་ཐུབ་པ་དང་། དར་སྤེལ་བྱེད་ཀྱིན་པ་ནི་རང་ཉིད་ཀྱི་འཚོ་བ་ཡག་པོ་ཡོད་པའི་དུས་མཚུངས་སུ་མི་གཞན་གྱི་འཚོ་བའང་ཡག་པོ་ཡོང་བར་བྱེད་རྒྱུ་དེ་ཡིན་ལ། ལག་བསྟར་བྱེད་ཀྱིན་པ་ནི་ཕན་ཚུན་འབྲེལ་མཐུད་དང་གཉིས་ཕན་གཉིས་རྒྱལ་ཡོང་བར་བྱེད་རྒྱུ་དེ་ཡིན། འཚོལ་སྙེག་བྱེད་ཀྱིན་པ་ནི་ཐུན་མོང་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་དོན་གཉེར་བྱེད་རྒྱུ་དེ་ཡིན། འདུ་ཤེས་འཛིན་སྟངས་ཁ་གཏད་དུ་མི་ལངས་པར་བྱེད་པ་དང་ས་བབ་ཐད་ཀྱི་ཆབ་སྲིད་འགྲན་རྩོད་མི་བྱེད་པ། ཚོགས་པར་བརྟེན་ནས་ཆབ་སྲིད་ཀྱི་འགྲན་རྒོལ་མི་བྱེད་པ། ཕྱོགས་རྐྱང་བའི་བཀག་སྡོམ་ལ་ངོ་རྒོལ་བྱེད་པ། དཔལ་འབྱོར་བཙན་ཤེད་ལ་ངོ་རྒོལ་བྱེད་པ། “འབྲེལ་ཐག་གཅོད་པར”ཡང་ངོ་རྒོལ་བྱེད་ཀྱིན་ཡོད། ལོ་ངོ་བཅུ་ཡི་རིང་ལ། བརྒྱུད་ཟིན་པའི་ལོ་རྒྱུས་ཀྱི་ལམ་བུས་ང་ཚོར། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་དང་མཐུན་པ་དང་། དུས་རབས་ཡར་རྒྱས་ཀྱི་གཏན་ཚིགས་དང་ཡོངས་སུ་མཐུན་པར་མ་ཟད། ད་ལྟ་ང་ཚོ་དངོས་སུ་ཆས་ཀྱིན་པ་ནི་མི་ཡུལ་གྱི་བགྲོད་ལམ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་གསལ་བོ་བྱས་ཡོད། ང་ཚོར་རླུང་གཡུག་སྤྲིན་འཁྲིགས་ཀྱི་འགྱུར་ལྡོག་ཅི་ཙམ་རྒོད་རུང་སྔར་བཞིན་ལྷོད་ལ་འབབ་ཐུབ་པའི་བརྟན་ཤུགས་ཡོད་དགོས་པ་དང་། ལོ་རྒྱུས་དང་མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་བའི་རྣམ་འགྱུར་བཟུང་ནས། འཛམ་གླིང་ཡོངས་ཀྱི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་མཉམ་དུ་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་ཏེ། བུ་རབས་ཚ་རྒྱུད་ལ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་དོན་གཉེར་བྱེད་ཀྱིན་པ་ནི། ཀྲུང་གོ་གཅིག་པུའི་དེང་རབས་ཅན་མིན་པར། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མ་ཚུད་པའི་རྒྱལ་ཁབ་སོ་སོ་དང་མཉམ་དུ་དེང་རབས་ཅན་མངོན་འགྱུར་ཡོང་བར་རེ་ལྟོས་བྱེད་ཀྱིན་ཡོད། འཛམ་གླིང་གི་དེང་རབས་ཅན་ནི་ཞི་བས་འཕེལ་རྒྱས་གཏོང་བའི་དེང་རབས་ཅན་ཞིག་དང་། གཉིས་ཕན་མཉམ་ལས་བྱེད་པའི་དེང་རབས་ཅན་ཞིག ཐུན་མོང་དར་རྒྱས་གཏོང་བའི་དེང་རབས་ཅན་ཞིག་བཅས་ཡིན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས།“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་སླེབས་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ། དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཁྱབ་སྒྲོག་གནང་བ་སྟེ། གཅིག་ནས“རྒྱུད་གཅིག་ལམ་གཅིག”གི་ལངས་གཟུགས་རྣམ་པའི་ཕན་ཚུན་སྦྲེལ་མཐུད་ཀྱི་དྲ་རྒྱ་བསྐྲུན་དགོས། གཉིས་ནས་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། གསུམ་ནས་དངོས་གཉེར་མཉམ་ལས་སྤེལ་དགོས། བཞི་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྔ་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། དྲུག་ནས་དམངས་ཁྲོད་ཀྱི་འགྲོ་འོང་ལ་རྒྱབ་སྐྱོར་བྱེད་དགོས། བདུན་ནས་བབ་གཙང་གི་ལམ་བུ་བསྐྲུན་དགོས། བརྒྱད་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་མཇུག་མཐར། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་ཀྲུང་གོ་ནས་བྱུང་ནའང་། གྲུབ་འབྲས་དང་གོ་སྐབས་འཛམ་གླིང་ཡོངས་ལ་དབང་ཡོད། ང་ཚོས་མི་དམངས་ཀྱི་རེ་ལྟོས་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་། ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ནས། དུས་རབས་ཀྱི་འཕར་རྩར་སྟངས་འཛིན་བྱེད་པ་དང་སྔར་སྲོལ་རྒྱུན་འཛིན་བྱེད་པ། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”འདི་ཉིད་སྤུས་ཚད་དང་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་བྱེད་པ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། སྒོ་འབྱེད་དཀྱེལ་ཡངས་དང་མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་བཅས་ཀྱི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས་ཞེས་གསུངས།
ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་ཟི་དང་ཀྲི་ལིའི་ཙུང་ཐུང་པོ་ལིས་ཆི། ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་སུའུ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁི། ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ། ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐའོ། ལའོ་ཝའོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལོན། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི། སི་རི་ལན་ཁའི་ཙུང་ཐུང་ཝེ་ཁ་ལ་མ་ཞིན་ཧ། ཐུའུ་ཁུའུ་མན་སི་ཐན་གྱི་མི་རིགས་ཀྱི་གཙོ་འཛིན། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མིས་ཨར་ཅི་ཡུའེ་ཡེ་ཧྥུའུ། ཡའོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ། ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལིས། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས། ཧང་ག་རིའི་ཙུང་ལི་ཨོར་པན། མོ་སང་པི་ཁེའི་ཙུང་ལི་མ་ལའེ་ཨ་ནེ། ཕ་ཁི་སི་ཐན་གྱི་ཙུང་ལི་ཁཱ་ཁཱ་ཨར། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བའི་ཙུང་ལི་མཱ་ལ་ཕེ། ཐེ་གོའི་ཙུང་ལི་སའེ་ཐ། ནི་ཀྲེ་རི་ཡའི་ཙུང་ཐུང་གཞོན་པ་ཞེ་ཏིས་མཱ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་དམིགས་བསལ་འཐུས་མི། ཧ་དབྱི་མ་ཅའི་ཚོ་དཔོན་ཁ་ཁ་ཞི་མིས། ཧྥ་རན་སིའི་ཙུང་ཐུང་གི་དམིགས་བསལ་འཐུས་མི། ཙུང་ལི་ཟུར་པ་ལཱ་ཧྥ་ལན། ཀེ་རི་སེའི་ཙུང་ལིའི་མཐོ་རིམ་འཐུས་མི། འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་ཟི་ཁི་ལེ་ཁ་ཟི་སོགས་རྒྱལ་ཁབ་ཉི་ཤུ་ལྷག་གི་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོ། མཐོ་རིམ་འཐུས་མི་བཅས་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི། གསར་སྤེལ་དངུལ་ཁང་གསར་བའི་ཧང་ཀྲང་ལའོ་སའེ་ཧྥུའུ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་མགོ་རྩོམ་མཛད་སྒོར་ཞུགས།
ཕུའུ་ཅིན་དང་ཐའོ་ཁ་ཡེ་ཧྥུའུ། ཙའོ་ཁི། ཧྥེ་ཨར་ནན་ཏི་ཟི། ཨ་པུས། ཀུའུ་ཐི་ལའེ་ཟི་བཅས་ཀྱིས་མགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།
ཏེན་ཞུའེ་ཞང་གིས་མགོ་རྩོམ་མཛད་སྒོར་མགོ་འཛིན་གནང་།
ཚའེ་ཆི་དང་ཝང་དབྱི། དབྱིན་ལིས། ཧི་ལིས་ཧྥུན། ཝང་ཞའོ་ཧུང་སོགས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།