ཚའེ་ཆི་ཡིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་གཞི་གྲངས་དཔལ་འབྱོར་མཐོ་རིམ་གླེང་སྟེགས་སུ་ཞུགས་ནས་ཤིས་ཚིག་ཕུལ།
2023.10.19 ཁུངས། ཀློག་གྲངས། 24

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོ་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གཞི་གྲངས་དཔལ་འབྱོར་མཐོ་རིམ་གླེང་སྟེགས་སུ་ཞུགས་ནས་ཤིས་ཚིག་ཕུལ།

ཚའེ་ཆི་ཡིས་ཤིས་ཚིག་ཁྲོད་བསྟན་དོན། ལོ་བཅུའི་སྔོན་གྱི་སྟོན་ཁར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འགོ་བཏོན་པ་རེད། ལོ་ངོ་བཅུའི་རིང་ལ། རྒྱུད་གཅིག་ལམ་གཅིག་དེ་རྩ་བ་ཚུགས་ཤིང་འཕེལ་རྒྱས་ཀྱི་རྒྱུན་བསྐྱངས་ནས། རྨི་ལམ་གྱི་ས་བོན་དེ་གོ་ལ་ཧྲིལ་བོའི་མཉམ་ལས་ཀྱི་བྱང་ཆུབ་ལྗོན་པ་རུ་གྱུར་འདུག དེ་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོ་རིམ་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོའི་སྟེང་མསུང་བཤད་གནང་ནས། ལོ་བཅུའི་འཕེལ་རྒྱས་གྲུབ་འབྲས་ལ་ཕྱིར་མིག་བལྟས་ཤིང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མ་འོངས་འཕེལ་རྒྱས་ཁ་ཕྱོགས་ལ་འཆར་འགོད་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། འགུལ་བསྐྱོད་གལ་ཆེན་བརྒྱུད་ལག་བསྟར་བྱ་དགོས་ཚུལ་དང་། གཞི་གྲངས་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པའི་རེ་འདུན་ཟབ་མོའི་བླང་བྱ་བཏོན། 

ཚའེ་ཆི་ཡིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་གི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་མྱུར་ཚད་ཤིན་ཏུ་མགྱོགས་ཤིང་། ཁྱབ་རྒྱ་ཤིན་ཏུ་ཆེ་ལ་ཤུགས་རྐྱེན་ཐེབས་ཚད་སྔ་ན་མེད་པའི་ཚད་ཐིག་ཏུ་སླེབས་ནས། དུས་སྟོང་གི་ཚོད་འཛིན་གཏོར་ཞིང་། ཐོན་ལས་མུ་ཁྱུད་རྒྱུན་བསྲིང་པ་དང་། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་འཕར་བྱས་ཏེ། དཔལ་འབྱོར་འཕར་བའི་ཁྱབ་ཁོངས་དང་། གོ་ལ་ཧྲིལ་བོའི་ཐོན་ལས་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་ཕྱོགས་སྟོན་གལ་ཆེན་དུ་གྱུར་འདུག  གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་གཏིང་ཟབ་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ནས། ཐོན་ལས་གཞི་གྲངས་ཅན་དུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བྱས་ཏེ། ཐུན་མོང་འཕེལ་རྒྱས་རྒྱུན་འཁྱོངས་དང་གཞི་གྲངས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ། ཁེ་ལས་ཆུང་འབྲིང་དང་ཐོག་མའི་ཁེ་གཉེར་བ་དག་ལ་གཞི་གྲངས་ཁེ་ལས་ཀྱི་ནུས་བ་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ནས། སྤྱི་བའི་གཞི་གྲངས་ཀྱི་སྤུས་ཀ་དང་རྩལ་ནུས་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་གོ་ལ་ཧྲིལ་བོའི་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས། དྲ་ལམ་བདེ་འཇགས་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་བྱེད་པ་དང་། ཕྱོགས་མང་དང་དམངས་གཙོ། མངོན་གསལ་བཅས་ཀྱི་གོ་ལ་ཧྲིལ་བོའི་མཉམ་འབྲེལ་དྲ་རྒྱའི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། 

ཚའེ་ཆི་ཡིས་བསྟན་དོན། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལ། གཞི་གྲངས་དར་གོས་ཚོང་ལམ་འཛུགས་སྐྲུན་དེ་དངོས་གཉེར་གཏིང་ཟབ་ཀྱི་ཆུ་ཚད་དུ་སླེབས་པར་བྱས་ནས། རྒྱུད་གཅིག་ལམ་གཅིག་དེ་ཞི་བདེ་ཡི་ལམ་བུ་དང་གཞི་གྲངས་ཀྱི་ལམ་བུ་རུ་འཛུགས་སྐྲུན་བྱས་ཏེ། དྲ་རྒྱའི་བར་སྟོང་ལས་དབང་ཐུན་མོང་ཚོགས་པ་མྱུར་དུ་འཛུགས་སྐྲུན་བྱས་ནས། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་ནས། འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་དཔལ་ཡོན་ཡར་ཐོན་ཐད་བློ་གྲོས་དང་སྟོབས་ཤུགས་དབུལ་དགོས། 

ཐེངས་འདིའི་མཐོ་རིམ་གླེང་སྟེགས་ནི་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་གཞི་གྲངས་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཕྱི་འབྲེལ་པུའུ་དང་རྒྱལ་ཁབ་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་གིས་རོགས་སྒྲུབ་བྱས་པ་རེད། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། རྒྱལ་ཁབ་བཞི་བཅུ་ལྷག་ནས་ཡོང་བའི་ཀྲུང་ཕྱིའི་འཐུས་ཚབ་མི་སྣ་ལྔ་བརྒྱ་ལྷག་གླེང་སྟེགས་སུ་ཞུགས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།