མགོན་པོ་བཀྲ་ཤིས་ཀྱིས་ཟི་ལིང་གྲོང་ཁྱེར་ཏུང་ཀོན་དབྱི་སི་ལེན་ཆོས་ཁང་དུ་རྟོག་ཞིབ་བྱས།
2023.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་ཁྲིད་དེ། ཟི་ལིང་གྲོང་ཁྱེར་ཏུང་ཀོན་དབྱི་སི་ལེན་ཆོས་ཁང་དུ་སོང་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་བྱ་བར་རྟོག་ཞིབ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

མགོན་པོ་བཀྲ་ཤིས་སོགས་ཀྱིས་ཏུང་ཀོན་དབྱི་སི་ལེན་ཆོས་ཁང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་བརྗོད་དོན་སློབ་གསོ་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས་པ་དང་། ཆོས་ཁང་གི་ལོ་རྒྱུས་ལ་རྒྱུས་ལོན་གསལ་བོ་བྱས། བཞུགས་མོལ་ཚོགས་འདུ་བསྡུས་ནས་ཟི་ལིང་གྲོང་ཁྱེར་དང་མཁར་ཤར་ཁུལ། ཏུང་ཀོན་དབྱི་སི་ལེན་ཆོས་ཁང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་བཅས་དང་བཞུགས་མོལ་བརྗེ་རེས་བྱས། མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཟི་ལིང་གྲོང་ཁྱེར་ཏུང་ཀོན་དབྱི་སི་ལེན་ཆོས་ཁང་ནི་མི་རིགས་མང་པོའི་རིག་གནས་བརྗེ་རེས་བྱེད་ས་དང་རྒྱལ་ནང་གི་མིང་དུ་གྲགས་པའི་ཆོས་ཁང་ཞིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད། དུས་ཡུན་རིང་བོར། ཏུང་ཀོན་དབྱི་སི་ལེན་ཆོས་ཁང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ནམ་ཡང་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ལ། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་བཏང་སྙོམས་བརྟན་སྲུང་དང་མཐུན་སྒྲིལ་ཡར་ཐོན་བྱེད་པར་སྣེ་ཁྲིད་བྱས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཞུགས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་བཞག

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནམ་ཡང་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོས་ལེན་ཇེ་མཐོར་བཏང་སྟེ། ཡང་དག་པའི་རྒྱལ་ཁབ་ལྟ་བ་དང་ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་གྲུབ་པར་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། འགན་སྒྲུབ་ཀྱི་ཤུགས་འདོན་ས་ཡང་དག་འཚོལ་བ། བློ་འདོན་སྲིད་རོགས་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་ཐད་ཤུགས་འདོན་པའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་བཏང་ནས། རང་ཞིང་གི་མི་རིགས་ཆོས་ལུགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

ཝང་ཞོན་དང་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡའེ་ཞང་སོགས་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།