ཞི་ཅིན་ཕིང་གིས་ཁོང་ཀོ་པུའུ་ཡི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ10པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཁོང་ཀོ་པུའུ་ཡི་ཙུང་ཐུང་སཱ་སུའུ་ལ་མཇལ་འཕྲད་གནང་།

ཟླ10པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཁོང་ཀོ་པུའུ་ཡི་ཙུང་ཐུང་སཱ་སུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཁོང་ཀོ་པུའུ་ནི “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་མཁན་དང་། མཉམ་ལས་ཀྱི་ཟླ་གྲོགས་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་ཀས་ཞི་བདེ་མཉམ་ལས་དང་སྒོ་འབྱེད་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཆེན་པོ་ཐོབ་ཡོད། ཁོང་ཀོ་པུའུ་ཡི་རྒྱལ་ཁབ་ཀྱི་གཞུང་ལམ་གཙོ་བོ་སོགས་ཀྱི་ལས་གཞི་རྒྱལ་ཁའི་ངང་ལག་བསྟར་བྱས་པ་དེ་དཔེ་མཚོན་ལྟ་བུ་ཞིག་ཡིན། ཀྲུང་གོ་དང་ཁོང་ཀོ་པུའུ་ནི་གྲོགས་པོ་ངོ་མ་དང་ཟླ་གྲོགས་བཟང་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་ལ་མཐོང་ཆེན་བྱས་ནས། “རྒྱུད་གཅིག་ལམ་གཅིག”དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་སྒྲོམ་གཞིའི་ཁྲོད་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་སོགས་མཉམ་ལས་ཀྱི་འཕར་གཞི་འཚོལ་ཞིབ་དང་གསོ་སྐྱོང་བྱས་ཏེ། ཀྲུང་གོ་དང་ཁོང་ཀོ་པུའུ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀའི་བར་གྱི་འདུ་ཤེས་འདྲ་མཚུངས་ཡིན་ལ། ཕན་ཚུན་བར་ཡིད་ཆེས་དང་ཕན་ཚུན་བར་རྒྱབ་སྐྱོར་བྱེད་རྒྱུ་ནི། ཀྲུང་གོ་དང་ཁོང་ཀོ་པུའུ་ཡི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་གཅེས་ནོར་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བའི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས། ཁོང་ཀོ་པུའུ་ཡིས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་པུའུ་ཡིས་རང་རྒྱལ་ཁབ་ཀྱི་རང་བཙན་དང་རང་བདག་ལ་སྲུང་སྐྱོབ་བྱེད་པ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད།  ཁོང་ཀོ་པུའུ་ཡིས་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུ་དང་། ཁོང་ཀོ་པུའུ་ཡི་བར་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ནས། སྔར་ལས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་ལམ་སྲོལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།

སཱ་སུའུ་ཡིས་ཁོང་ཀོ་པུའུ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོའི་བར་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་དང་ལྗང་མདོག་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་སྒྲོམ་གཞིའི་འོག་གི་འབྲེལ་འདྲིས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུའི་རེ་ལྟོས་ཡོད། ཁོང་ཀོ་པུའུ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོ། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འགོ་བཅས་ལ་རྒྱབ་སྐྱོར་གང་ལེགས་བྱ་རྒྱུ་ཡིན། གོང་གསལ་གྱི་གྲོས་འགོ་གལ་ཆེན་གྱིས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པའི་ཐད་ཕན་ཐོགས་ངེས་ཅན་ཡོད་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།