ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ10པའི་ཚེས19ཉིན་གྱི་སྔ་དྲོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རེ་ལེ་སུའུ་ཧི་ལ་མཇལ་འཕྲད་གནང་།

ཟླ10པའི་ཚེས19ཉིན་གྱི་སྔ་དྲོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རེ་ལེ་སུའུ་ཧི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ནི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་རང་བྱུང་སྤུན་ཟླ་ཡིན་ལ།   ཆེས་སྔ་མོར་རྒྱུད་གཅིག་ལམ་གཅིག་གྲོས་འགོར་རྒྱབ་སྐྱོར་བྱས་པའི་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན།   ལོ་བཅུའི་རིང་ལ།  ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཟབ་མོ་བྱས་ཏེ་ཉོ་ཚོང་དངུལ་གཏོང་དང་མཉམ་སྦྲེལ་མཉམ་མཐུད།   དམངས་ཚིས་བཟོ་སྐྲུན་སོགས་ཕྱོགས་ཀྱི་མཉམ་ལས་ཐད་དགའ་འོས་པའི་གྲུབ་འབྲས་བླངས་ཡོད།   རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་མོང་གོལ་རྒྱལ་ཁབ་ཀྱི་རྩྭ་ཐང་བགྲོད་ལམ་འཕེལ་རྒྱས་འཐབ་ཇུས་གཉིས་ལ་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད།   མོལ་གོང་ཕྱོགས་ཀྱིས་རང་སྟེང་གི་ཡོ་རོབ་དང་ཨེ་ཤ་ཡར་འབྲེལ་བའི་ས་ཁམས་ཆ་རྐྱེན་ལ་བརྟེན་ནས་རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱེད་པའི་ཐད་བྱེད་ནུས་སྔར་ལས་ཆེན་པོ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་སྒེར་ཚུགས་དང་བདག་དབང་།  མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  ཕྱོགས་གཉིས་ཀྱིས་རང་རང་གི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་སྔོན་དང་འདྲ་བར་མོང་གོལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དར་རྒྱས་ཡོང་བར་རོགས་སྐྱོར་བྱེད་པ་དང་འབྲེལ་ཡོད་གྲུ་ཁ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་བགྲོད་ལམ་གསར་བ་གཏོད་ངེས་ཡིན།    ཀྲུང་གོ་དང་མོང་གོལ་གྱི་བྱེ་ཐང་ཅན་འགོག་བཅོས་མཉམ་ལས་ལྟེ་གནས་བཙུགས་ཡོད་ལ།  ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་ཀྱིས་སྡོང་བོ་ཐེར་འབུམ་གཅིག་འཛུགས་པའི་འཆར་གཞིར་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མཉམ་དུ་སྤེལ་འདོད་ཡོད་ལ།    ཀྲུང་གོ་དང་མོང་གོལ།    ཨུ་རུ་སི་བཅས་ཕྱོགས་གསུམ་གྱི་མཉམ་ལས་རྒྱ་བསྐྱེད་དེ་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་གཏན་འཇགས་སྒོས་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཟླ10པའི་ཚེས19ཉིན་གྱི་སྔ་དྲོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རེ་ལེ་སུའུ་ཧི་ལ་མཇལ་འཕྲད་གནང་།

ཧུའུ་རེ་ལེ་སུའུ་ཧི་ཡིས་བསྟན་དོན།    ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་ཡིན་ལ།  ཐེངས་འདིའི་གླེང་སྟེགས་ཀྱི་གྲུབ་འབྲས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་ལ་རོགས་འདེགས་བྱེད་པར་ཕན་པ་ཡོད་པ་དང་།  འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཐད་སྒུལ་ཤུགས་གསར་བ་སྣོན་ངེས་ཡིན།    མོལ་གོལ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་འབྲེལ་སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོར་འཛིན་ངེས་ཡིན།    སང་ལོ་ནི་མོང་གོལ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་ལོན་པའི་ཡིན་ལ།     ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོལ་གོལ་རྒྱལ་ཁབ་ལ་འཚམས་འདྲི་གནང་ནས་ལོ་བཅུ་ལོན་པ་དང་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅུ་ལོན་པའི་ལོའང་ཡིན།   མོལ་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ་དང་།  ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་དཔལ་འབྱོར་ཉོ་ཚོང་དང་མཉམ་སྦྲེལ་མཉམ་མཐུད།   གཏེར་ཐོན་ནུས་ཁུངས།  བྱེ་འགོག་བྱེ་བཅོས།  ལྷད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་འདོད་ཡོད།   མོང་གོལ་ཕྱོགས་ཀྱིས་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ཐད་བཏོན་པའི་བྱེད་ནུས་གལ་ཆེན་ལ་བསྟོད་བསྔགས་ཆེན་པོ་བྱེད་པ་དང་།    ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ།   འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།   མོང་གོལ་ཕྱོགས་ཀྱིས་མོང་གོལ་དང་ཀྲུང་གོ།  ཨུ་རུ་སི་བཅས་ཕྱོགས་གསུམ་གྱི་མཉམ་ལས་ལ་ཤུགས་སྣོན་པར་མཐོང་ཆེན་བྱེད་པ་དང་ཀྲུང་གོ་ཕྱོགས་དང་ཕྱོགས་མང་ཁྱབ་ཁོངས་ཀྱི་མཐུན་སྦྱོར་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་འདོད་ཡོད།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་རྒྱལ་ཁོངས་བརྒལ་བའི་ལྕགས་ལམ་དང་ལྗང་མདོག་ཐཱན་ཉུང་།  གཞི་གྲངས་དཔལ་འབྱོར་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་མཛད།

ཚའེ་ཆི་དང་ཝང་དབྱི་གཉིས་གོང་གི་བྱེད་སྒོར་ཞུགས།

                                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།