ཞི་ཅིན་ཕིང་གིས་ཐུའུ་ཁུའུ་མན་སི་ཐན་གྱི་མི་རིགས་གཙོ་འཛིན། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ10པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཐུའུ་ཁུའུ་མན་སི་ཐན་གྱི་མི་རིགས་གཙོ་འཛིན། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏི་མུའུ་ཧ་མའེ་ཏའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ10པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཐུའུ་ཁུའུ་མན་སི་ཐན་གྱི་མི་རིགས་གཙོ་འཛིན། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏི་མུའུ་ཧ་མའེ་ཏའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ཐུའུ་ཁུའུ་མན་སི་ཐན་གྱི་བློ་གཏད་ཆོག་པའི་གྲོགས་པོ་དང་ཟླ་གྲོགས་ཡིན། ད་ལོའི་ཟླ་དང་པོའི་ནང་དུ། ང་དང་ཙུང་ཐུང་ཞེར་ཏར·པེར་ཏི་མུའུ་ཧ་མའེ་ཏའོ་ཧྥུའུ་གཉིས་ཀྱིས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱས་པ་དང་། ཕྱོགས་གཉིས་ཀས་ལས་སྐལ་གཅིག་མཐུན་ཚོགས་པ་ལག་བསྟར་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་རྒྱུ་ཁྱབ་བསྒྲགས་བྱས།  རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ། རྒྱལ་ཁབ་གཉིས་ཀའི་རྩ་བའི་ཁེ་ཕན་དང་མཐུན་ལ། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་གི་རེ་ལྟོས་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའ་མན་སི་ཐན་ཕྱོགས་དང་མཉམ་དུ། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་གཉིས་རྒྱལ་གྱི་རྩ་དོན་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་དོན་སྙིང་གཙོ་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་རྒྱབ་སྐྱོར་ནུས་ལྡན་བྱས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་ཅིང་། ང་ཚོས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་། “དར་གོས་ཚོང་ལམ་བསྐྱར་དར་ཡོང་བའི”འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། གནའ་བོའི་དར་གོས་ཚོང་ལམ་དེ་དུས་རབས་གསར་བའི“བདེ་སྐྱིད་ལམ་བུར”འགྱུར་བར་བྱ་འདོད་ཡོད། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་ཚོང་དོན་གཞི་ཁྱོན་སྔར་ལས་ཆེ་རུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་དང་ལུས་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཁྱབ་རྒྱ་ཆེ་རུ་གཏོང་བ། ཕན་ཚུན་བར་གྱི་རིག་གནས་ལོའི་བྱེད་སྒོ་ཡག་པོར་གཉེར་བ་བཅས་བྱས་ཏེ། གང་མགྱོགས་སྒོས་ཐུའུ་ཁུའུ་མན་སི་ཐན་ལ་ལུའུ་པན་བཟོ་ཁང་བསྐྲུན་དགོས། ཀྲུང་གོས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།

པེར་ཏི་མུའུ་ཧ་མའེ་ཏའོ་ཧྥུའུ་ཡིས་ཕྱོགས་གཉིས་ཀས་སྤུན་ཟླ་ལྟ་བུའི་མཛའ་མཐུན་གྱི་འབྲེལ་བ་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་བྱས་ནས། ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བསམ་ཤེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་རྒྱུ་དང་། ཕྱོགས་གཉིས་ཀའི་དཔལ་འབྱོར་ནུས་ཁུངས་མཉམ་ལས་དང་མི་གཞུང་རིག་གནས་བརྗེ་རེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལམ་སྲོལ་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱེད་པ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་གྲུབ་འབྲས་སྔར་ལས་གང་མང་ཐོབ་པར་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་དར་རྒྱས་གཏོང་བའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་བསྟན།

རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པས་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་ཆོད་སོགས་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་བཀོད་པར་མཉམ་དུ་བདེན་དཔང་གནང་།

ཚའེ་ཆི་དང་ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།