ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ10པའི་ཚེས19ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཁཱ་ཁཱ་ཨར་ལ་མཇལ་འཕྲད་གནང་། 

ཟླ10པའི་ཚེས19ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཁཱ་ཁཱ་ཨར་ལ་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་ནི་དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་ཟླ་གྲོགས་དང་བློས་ཐུབ་གྲོགས་པོ་ཡིན། ཕ་ཁི་སི་ཐན་གྱི་སྐབས་རིམ་བྱུང་གི་སྲིད་གཞུང་ཚང་མས་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ལ་རྒྱབ་སྐྱོར་དང་དེའི་ཁྲོད་དུ་ཟབ་ཞུགས་གང་ལེགས་བྱས་ཡོད། ལོ་བཅུའི་རིང་ལ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་ཚབ་མཚོན་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་དུ་གྱུར་ཡོད། ཀྲུང་གོས་ཕ་ཁི་སི་ཐན་དང་མཉམ་དུ་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་བྱེད་པ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། དུས་རབས་གསར་བའི་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མྱུར་དུ་བསྐྲུན་འདོད་ཡོད་ཅེས་གསུངས།

 ཞི་ཅིན་ཕིང་གིས་ཀྲུང་གོས་ཕ་ཁི་སི་ཐན་གྱིས་དུས་ཡུན་རིང་བོར་ཀྲུང་གོའི་སྲོག་ཤིང་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཕ་ཁི་སི་ཐན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོབ་བྱེད་པར་སྔར་བཞིན་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕ་ཁི་སི་ཐན་གྱིས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་རང་བདག་གིས་གདམ་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ད་ལོར་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་བསྐྲུན་ནས་ལོ་བཅུ་འཁོར་བ་གོ་སྐབས་སུ་བྱས་ཏེ། འཕར་སྣོན་དང་དམངས་ཚིས། གསར་གཏོད། ལྷད་མེད། སྒོ་འབྱེད་བཅས་ཀྱི་བར་ཁྱམས་བསྐྲུན་ནས། ཐོན་ལས་ར་བ་དང་ཞིང་ལས་གཏེར་ལས། ནུས་ཁུངས་གསར་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། མཉམ་སྦྲེལ་མཉམ་མཐུད་ཀྱི་ལས་གཞི་གལ་ཆེན་སྔ་མོ་ནས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཕ་ཁི་སི་ཐན་བར་གྱི་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སྒྲོམ་གཞིའི་འོག་གི་རོགས་ལས་ལ་ཤུགས་བསྣན་ནས། ས་ཁུལ་གྱི་མཐུན་སྒྲིལ་མཉམ་ལས་ལ་ཡར་སྐུལ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚུལ་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས། 

ཟླ10པའི་ཚེས19ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཁཱ་ཁཱ་ཨར་ལ་མཇལ་འཕྲད་གནང་།

 ཁཱ་ཁཱ་ཨར་གྱིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་གྲོས་འགོ་ལག་བསྟར་བྱས་ཏེ་ལོ་བཅུའི་རིང་བླངས་པའི་གྲུབ་འབྲས་ཆེན་པོར་རྟེན་འབྲེལ་ཞུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་འགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་པ་ཟབ་ཅིང་ཐུགས་རྒྱང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འགུལ་སྐྱོད་བརྒྱད་ཀྱིས་འཛམ་གླིང་གི་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་བསྣན་པར་མ་ཟད། འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་མ་ལག་སྔར་ལས་འདྲ་མཉམ་ལུགས་མཐུན་ཡོང་བར་སྐུལ་འདེད་བཏང་བ་དང་། ཕ་ཁི་སི་ཐན་དང་རྒྱལ་ཁབ་གཞན་པ་སྔར་ལས་གོང་འཕེལ་དུ་གཏོང་བར་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁའི་ངང་ལག་ལེན་བྱས་པ་དེས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་མིག་དཔེ་བསྟན་པ་དང་ངར་ཤུགས་བསྐྱེད་ཡོད་ལ། ཀྲུང་གོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་བཏང་བ་དེས་རྒྱལ་ཁབ་གཞན་དག་ལ་ཡིད་ཆེས་དང་རེ་བ་བསྩལ་ཡོད། ཕ་ཁི་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་སྒོས་བརྩི་སྲུང་བྱ་རྒྱུ་ཡིན་ལ། ཕ་ཁི་སི་ཐན་ནི་དུས་གཏན་དུ་ཀྲུང་གོའི་བློ་གཏད་ཆོག་པའི་གྲོགས་པོ་ཡིན། ཕ་ཁི་སི་ཐན་གྱིས་ཕ་ཁི་སི་ཐན་དང་ཀྲུང་གོའི་དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་མུ་མཐུད་དུ་འབད་བརྩོན་བྱ་རྒྱུ་ཡིན་ཟེར།

 ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།