ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེའི་ཙུང་ལི་ལ་མཇལ་འཕྲད་གནང་།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ10པའི་ཚེས19ཉིན་གྱི་དགོང་མོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་མོ་ཙམ་པི་ཁེའི་ཙུང་ལི་མཱ་ལའེ་ཨ་ནཱེ་ལ་མཇལ་འཕྲད་གནང་།

ཟླ10པའི་ཚེས19ཉིན་གྱི་དགོང་མོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་མོ་ཙམ་པི་ཁེའི་ཙུང་ལི་མཱ་ལའེ་ཨ་ནཱེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མོ་ཙམ་པི་ཁེ་གཉིས་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན།     ངས་ཀྲུང་གོ་དང་མོ་ཙམ་པི་ཁེ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་པའི་དགའ་འོས་པའི་གྲུབ་འབྲས་མཐོང་ཡོད།   ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱེད་པ་དང་།   ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་གྲོས་འགོ་དང་ཀྲུང་གོས་ཨ་ཧྥེ་རི་ཁའི་ཞིང་ལས་དེང་རབས་ཅན་ལ་རོགས་འདེགས་བྱེད་པའི་འཆར་གཞི།   ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཇོན་མི་གསོ་སྐྱོང་མཉམ་ལས་འཆར་གཞི་བཅས་མཉམ་ལས་སྣ་གསུམ་གྱི་བྱེད་ཐབས་དོན་འཁྱོལ་དང་ལག་བསྟར་བྱེད་པར་ཡར་སྐུལ་བྱེད་པ།    སྲིད་ཇུས་སྦྲེལ་མཐུད་དང་མཉམ་ལས་འཆར་འགོད་ལ་ཤུགས་སྣོན་པ།   འཕེལ་རྒྱས་གོ་སྐབས་དང་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བཅས་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་རོགས་འདེགས་བྱེད་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་མོ་ཙམ་པི་ཁེའི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་དང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཀྲུང་གོ་དང་མོ་ཙམ་པི་ཁེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།    ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས།   འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་དང་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་ངེས་ཡིན།    ཕྱོགས་གཉིས་ཀྱིས་ནུས་ཁུངས་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་།   སློབ་གསོ་དང་རིག་གནས།  ས་གནས།  དམངས་ཁྲོད་བཅས་ཀྱི་བརྗེ་རེས་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་དགོས།    ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ།  འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།

ཟླ10པའི་ཚེས19ཉིན་གྱི་དགོང་མོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་མོ་ཙམ་པི་ཁེའི་ཙུང་ལི་མཱ་ལའེ་ཨ་ནཱེ་ལ་མཇལ་འཕྲད་གནང་།

མཱ་ལའེ་ཨ་ནཱེ་ཡིས་བསྟན་དོན།   ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད།    ཐེངས་འདིའི་འགྲུལ་བཞུད་ཀྱིས་ང་ཚོས་ཀྲུང་གོ་དང་རྒྱུད་གཅིག་ལམ་གཅིག་གྲོས་འགོའི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་བ་དང་།  ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་ཇུས་མིག་རྒྱང་གསལ་བོར་རྟོགས་ཐུབ།   རྒྱུད་གཅིག་ལམ་གཅིག་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་རབ་དང་རིམ་པ་དག་རྒྱལ་ཁབ་གཞན་པས་དབུལ་ཕོངས་སེལ་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བ།   དམངས་ཚིས་ལེགས་བཅོས་བྱེད་པ་བཅས་ལ་ཕན་ཐོགས་ཡོད།    ཀྲུང་གོའི་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་འབྱེད་སྲིད་ཇུས་དག་ཞི་བདེ་དང་འདྲ་མཉམ། བརྩི་བཀུར།   མཛའ་བརྩེ་བཅས་ཀྱི་རྨང་གཞིའི་སྟེང་གནས་ཡོད་ལ།   འཛམ་གླིང་གི་ཞི་བདེ་འཕེལ་རྒྱལ་ལ་ཡར་སྐུལ་བྱེད་པའི་དྲང་ནུས་ཡིན།   མོ་ཙམ་པི་ཁེའི་མི་རིགས་རང་བཙན་འཐབ་རྩོད་སྤེལ་བའི་སྐབས་དང་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་དཀའ་སྡུག་གི་སྐབས་གང་ཡིན་ཡང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མོ་ཙམ་པི་ཁེ་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་པ་དང་། ཀྲུང་གོ་ནི་དང་མོ་ཙམ་པི་ཁེ་ཕྱོགས་ཀྱི་གྲོགས་པོ་བཟང་བོ་ཡིན།      མོ་ཙམ་པི་ཁེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས་རྒྱལ་ཁབ་རང་གི་འཕེལ་རྒྱས་མངོན་འགྱུར་བཟང་བོ་བྱེད་པ་དང་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུར་རེ་བཞིན་ཡོད།

ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།

                                                                                              ལྷ་མོ་ཚེ་རིང་གིས་བསྒྱུར།