ཟླ10པའི་ཚེས19ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་སྤེལ་དངུལ་ཁང་གསར་བའི་འགོ་གཙོ་ལའོ་སའེ་ཧྥུའུ་ལ་མཇལ་འཕྲད་གནང་།
ཟླ10པའི་ཚེས19ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་སྤེལ་དངུལ་ཁང་གསར་བའི་འགོ་གཙོ་ལའོ་སའེ་ཧྥུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས2014ལོར། ང་ཚོས་པ་ཞི་ནས་གསར་སྤེལ་དངུལ་ཁང་གསར་བ་བཙུགས་པར་བདེན་དཔང་བྱས། ཉེ་བའི་ལོ་འགའི་རིང་ལ། གསར་སྤེལ་དངུལ་ཁང་གསར་བས་གྲུབ་འབྲས་བཟང་བོ་བླངས་པ་དང་། རྒྱུན་མ་ཆད་པར་དར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད། མིག་སྔར། འཛམ་གླིང་གི་ཉེན་ཁ་སྣ་ཚོགས་བསྣོལ་སྦྲེལ་སྣོན་རྩེག་བྱས་ཡོད་པ་དང་། གསར་སྤེལ་དངུལ་ཁང་གསར་བ་དེ་རྒྱལ་སྤྱིའི་དངུལ་རྩའི་མ་ལག་ཁྲོད་ཀྱི་གསར་དར་སྟོབས་ཤུགས་གལ་ཆེན་ཡིན་པའི་ཆ་ནས། ནུས་པ་གང་ཡོད་བཏོན་ནས། དུས་རབས་ཉེར་གཅིག་པའི་རིགས་གསར་ཕྱོགས་མང་གི་གསར་སྤེལ་ལས་ཁུངས་སུ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་སྤྱིའི་དངུལ་རྩའི་མ་ལག་སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་ཁ་ཕྱོགས་སུ་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་སྟེ། གསར་དར་ཚོང་ར་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྨྲ་བརྗོད་དབང་ཆ་ཇེ་ཆེར་གཏོང་དགོས། གསར་སྤེལ་དངུལ་ཁང་གསར་བ་རྒྱུད་གཅིག་ལམ་གཅིག་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་གྲོས་འགོའི་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལག་བསྟར་བྱེད་པར་རོགས་འདེགས་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སྔར་ལས་མང་བོས་དེང་རབས་ཅན་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས། ཀྲུང་གོས་སྔར་བཞིན་དུ་གསར་སྤེལ་དངུལ་ཁབ་གསར་བའི་བྱ་བར་རྒྱབ་སྐྱོར་བྱེད་པར་མ་ཟད། ཁྱེད་ཀྱིས་ཀྲུང་གོ་ནས་ལས་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་གསུངས།
ལའོ་སའེ་ཧྥུའུ་ཡིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། མིག་སྔར་རྒྱལ་སྤྱིའི་གནས་བབ་འོག འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཐུན་མོང་གི་བྱེད་ཐབས་སྤྱད་དེ། ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱུ་དེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱེད་པར་ཧ་ཅང་གལ་ཆེ། རྒྱུད་གཅིག་ལམ་གཅིག་དང་འདྲ་བར་རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ལྷག་གཅིག་ཏུ་བསྡུ་ཐུབ་པའི་གྲོས་གཞི་ཞིག་ལོ་རྒྱུས་སྟེང་བྱུང་མྱོང་མེད་ལ། རྒྱུད་གཅིག་ལམ་གཅིག་གྲོས་འགོ་དང་ཐེངས་འདིའི་མཐོ་རིམ་གླེང་སྟེགས་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་འདོན་ངེས། ཀྲུང་གོ་སྲིད་གཞུང་གིས་གསར་སྤེལ་དངུལ་ཁང་གསར་བའི་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས་པ་ཡིན། གསར་སྤེལ་དངུལ་ཁང་གསར་བ་དང་རྒྱུད་གཅིག་ལམ་གཅིག་གྲོས་གཞིའི་དམིགས་འབེན་དང་འདུ་ཤེས་ཧ་ཅང་མཐུན་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་ཁྲོད་ཞུགས་ནས། འཛམ་གླིང་སྣ་མང་ཅན་དུ་བསྒྱུར་བ་དང་རྒྱལ་སྤྱིའི་དངུལ་རྩའི་མ་ལག་གི་བཅོས་བསྒྱུར་སྤེལ་བའི་ཐད་བྱས་རྗེས་འཇོག་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་གཉིས་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།