རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ10པའི་ཚེས19ཉིན་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་ལྔ་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བསྐུར།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་ལོ་མང་བོའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་དེ་ཕྱོགས་མང་བོ་དང་ཁྱབ་ཁོངས་ཆེན་པོ། རིམ་པ་མང་བོར་ཆུ་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་ཆགས་ཡོད་ཅིང་། ཀྲུང་གོ་དང་ཨུ་རུ་སིའི་འདྲ་མཉམ་གཉིས་ཕན་དངོས་གཉེར་མཉམ་ལས་ཀྱི་དཔེ་སྟོན་ཡིན་ལ། རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། མ་འོངས་པར་ཁ་ཕྱོགས་ནས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་མཉམ་དུ། ཆུ་ཚད་མཐོ་བའི་ནུས་ཁུངས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པ་དང་ནུས་ཁུངས་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བབ་བསྟུན་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ཚོང་རའི་དུས་ཡུན་རིང་བོའི་བདེ་ཐང་དང་གཏན་འཇགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་དག་གཙང་ནུས་ཁུངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཉིན་དེར་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ཅིན་གྱིས་ཀྱང་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་ལྔ་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བསྐུར།
བསོད་ནམས་ཚེ་རིང་གིས་བསྒྱུར།