ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། པ་ཞི་རྒྱལ་ཁབ་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ལིས་ལཱར་མཇལ་འཕྲད་གནང་།
ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། པ་ཞི་རྒྱལ་ཁབ་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ལིས་ལཱར་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ད་ལོའི་དཔྱིད་ཀར་ཙུང་ཐུང་ལིས་ལཱ་ཡིས། ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་གནང་བ་དང་། ངེད་གཉིས་དངོས་སུ་མཇལ་འཕྲད་བྱས་ཏེ། ཕན་ཚུན་བར་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་དུས་རབས་གསར་པ་བསྐྲུན་རྒྱུར་སྣེ་ཁྲིད་བྱེད་པའི་ཐད་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ཀྲུང་གོ་དང་པ་ཞི་ནི་སའི་གོ་ལའི་ཕྱེད་ནུབ་གཉིས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་། འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་གསར་དར་རྒྱལ་ཁབ་ཆེན་པོ་ཡིན། མིག་སྔའི་ཟང་ཟིང་ཅན་དུ་འགྱུར་བཞིན་པའི་འཛམ་གླིང་གི་མདུན་དུ། རྒྱལ་ཁབ་གཉིས་ཀས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རམ་འདེགས་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་པ་ཞི་རྒྱལ་ཁབ་ཀྱི“ཡང་བསྐྱར་བཟོ་ལས་ཅན”དང“མགྱོགས་མྱུར་ངང་འཕར་བའི་འཆར་གཞི”གསར་པ་དང་ཚད་མཐོའི་ངང་གཅིག་མཐུན་ཡོང་བར་བྱས་ནས། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་ཀྱིས་སང་ལོ་གཙོ་གཉེར་བྱེད་དགོས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་དང་། སང་ལོའི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་འཚོགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། པ་ཞི་རྒྱལ་ཁབ་བར་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་པ་ཞི་བར་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་ལོ་ཡིན་ལ། སང་ལོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་སྔར་སྲོལ་རྒྱུན་འཛིན་བྱེད་ཀྱིན་པའི་དབང་གིས། མདུན་ལྗོངས་ཆེན་པོ་ལྡན། པ་ཞི་རྒྱལ་ཚོགས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བྱེད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། གྲོས་དཔོན་ལགས་དང་གྲོས་ཁང་འོག་མའི་གྲོས་དཔོན་དང་གྲོས་མི་ཚོས། རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གང་ལེགས་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་གྱིས་གསུངས།
ལིས་ལཱ་ཡིས་པ་ཞི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱུའི་རེ་ལྟོས་ཡོད། པ་ཞི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། སང་ལོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། སང་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་པ་ཞི་ཡིས། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་དམ་ཟབ་བྱས་ནས། འདོན་འོས་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅིང་། སྐབས་དེ་དུས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན།
ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།