ཞི་ཅིན་ཕིང་གིས་ལའོ་ཝོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལོན་ལ་མཇལ་འཕྲད་གནང་།
2023.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ལའོ་ཝོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལོན་ལ་མཇལ་འཕྲད་གནང་།

ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ལའོ་ཝོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལོན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་འདས་པའི་ལོ་ངོ་བཅུའི་རིང་ལ། ཀྲུང་གོ་དང་ལའོ་ཝོའི་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེང་གི་འཛམ་གླིང་ཟང་ཟིང་ཅན་འགྱུར་བཞིན་པ་དང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུག་ལྡོག་འདིའི་གནས་སྟངས་འོག་ཏུ། ཀྲུང་གོ་དང་ལའོ་ཝོའི་བར་དུ་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་དུས་རབས་ཀྱི་རིན་ཐང་དང་འཐབ་ཇུས་ཀྱི་དོན་སྙིང་ཆེན་པོ་ལྡན་ལ། དགེ་མཚན་ལྡན་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པའང་ལྡན། ཕྱོགས་གཉིས་ཀས་ཀྲུང་གོ་དང་ལའོ་ཝོའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡི། ལོ་ལྔའི་བྱ་སྤྱོད་འཆར་གཞི་གསར་པར་མིང་རྟགས་འགོད་རྒྱུ་དམ་འཛིན་བྱས་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ནང་སྙིང་གསར་པ་བསྣན་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ཆེད་དུ་སྒུལ་ནུས་གསར་པ་སྣོན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ནི། ཀྲུང་གོ་དང་ལའོ་ཝོའི་འབྲེལ་བ་ཡི་ངོ་བོའི་ཁྱད་ཆོས་ཤིག་ཡིན། རྒྱལ་ཁབ་གཉིས་ཀའི་ཏང་གཉིས་ཀས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་སྲིད་འཛིན་ནུས་པ་ཆེ་རུ་གཏོང་བ། ཆབ་སྲིད་དང་ཁྲིམས་འཛིན་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱེད་དགོས། ཀྲུང་གོ་དང་ལའོ་ཝོའི་ལྕགས་ལམ་གྱི་མི་མངོན་པའི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས། ལྕགས་ལམ་ལམ་རྒྱུད་གསར་སྤེལ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཀྲུང་གོ་དང་ལའོ་ཝོའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་དང་། ས་ཁོངས་སྦྲེལ་མཐུད་འཕེལ་རྒྱས་ཀྱི་བསམ་བཀོད་ལ་སྐུལ་འདེད་གང་ལེགས་གཏོང་བ། རང་ས་ཁུལ་གྱི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རྣམ་པ་སྐྲུན་པ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝོའི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་ནས། ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་ལའོ་ཝོ་རུ་སོང་ནས་དངུལ་གཏོང་བྱ་རྒྱུར་སྐུལ་ལྕག་གཏོང་བ་དང་། ལའོ་ཝོའི་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་གང་མང་ནང་འདྲེན་བྱེད་པ། ཀྲུང་གོ་དང་ལའོ་ཝོའི་ནུས་ཁུངས་གཏེར་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་འདོད་ཡོད། སང་ལོ་ལའོ་ཝོ་ཡིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝོ་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཐུང་ལོན་གྱིས་ལའོ་ཝོ་ཕྱོགས་ཀྱིས་ཀྲུང་གོའི་མཐོ་རིམ་བར་གྱི་འགྲོ་འོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་བར་ཁྱམས་སོགས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཀྲུང་གོའི་འབྲེལ་བ་དང་ས་ཁུལ་གྱི་གནད་དོན་ཐད་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས། ལའོ་ཝོ་དང་ཀྲུང་གོའི་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

མཇལ་འཕྲད་གྲོལ་རྗེས། ཞི་ཅིན་ཕིང་དང་ཐུང་ལོན་གྱིས《ཀྲུང་གོ་གུང་ཁྲན་ཏང་དང་ལའོ་ཝོ་མི་དམངས་གསར་བརྗེ་ཏང་གི་ཀྲུང་གོ་དང་ལའོ་ཝོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་སྐོར་གྱི་ཉིས་སྟོང་ཉེར་བཞི་ལོ་ནས་ཉིས་སྟོང་ཉེར་བརྒྱད་ལོའི་བར་གྱི་བྱ་སྤྱོད་འཆར་གཞིར》མཉམ་དུ་མིང་རྟགས་བཀོད་ནས། “རྒྱུད་གཅིག་ལམ་གཅིག”དང་གཞི་གྲངས་དཔལ་འབྱོར། གསར་འགྱུར། རིག་གནས། ཡུལ་སྐོར། འཕྲོད་བསྟེན། འགག་སྒོའི་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་།

ཚའེ་ཆི་དང་ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།