《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་སྐོར་གྱི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས།
2023.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་བྱེད་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཕྱི་འབྲེལ་པུའུ་ཡིས《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་སྐོར་གྱི་དྲི་བ་དྲིས་ལན》ཞེས་པ་རྩོམ་སྒྲིག་བྱས་ནས། སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་སྒོས་པར་སྐྲུན་བྱས་པ་དང་། དཔེ་སྐྲུན་བྱས་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

《དྲི་བ་དྲིས་ལན》གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལག་ལེན་འཕེལ་རྒྱས་ཀྱི་གོམ་རྗེས་དམ་པོར་འབྲངས་ནས། གཞུང་ལུགས་ཀྱི་གླེང་མང་བའི་དཀའ་གནད་ལ་དམ་པོར་དམིགས་ཏེ། དངོས་ཡོད་ཀྱི་དོ་ཁུར་ལ་ལན་བཏབ་པ་དང་། དྲི་བའི་རྣམ་པར་བརྟེན་ནས་ཁྱོན་ཡོངས་དང་གོ་རིམ་ལྡན་པ། དོན་སྙིང་ཟབ་པ། གོ་བདེ་བ་བཅས་ཀྱི་སྒོ་ནས་ཕྱི་འབྲེལ་དགོངས་པའི་དོན་སྙིང་གལ་ཆེན་དང་ཚན་རིག་གི་མ་ལག དོན་སྙིང་གཙོ་བོ། ཕུན་སུམ་ཚོགས་པའི་ནང་སྙིང་། ལག་ལེན་གྱི་བླང་བྱ་བཅས་མངོན་པར་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་གསར་གཏོད་གཞུང་ལུགས་ལ་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་གོ་བ་གཏིང་ཟབ་ལེན་རྒྱུར་རོགས་རམ་གང་ལེགས་བྱས་ཏེ། རང་རྟོགས་སྒོས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་མ་གཏོང་བ་བཅས་འདུ་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།