ཟླ10པའི་ཚེས22ཉིན་གྱི་དགོང་མོ། ཧང་ཀྲོའུ་རུ་ཧང་ཀྲོའུ་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་མགོ་རྩོམ་མཛད་སྒོར་ཞུགས་ཏེ། སྐབས་འདིའི་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་གནང་།
དགོང་མོའི་དུས་ཚོད7དང་སྐར་མ30སྟེང་དུ། སྤྲོ་སེམས་འཁོལ་བའི་རོལ་དབྱངས་ཀྱི་འགྲོས་དང་བསྡོངས་ཏེ། ཏེན་ཞུའེ་ཞང་གིས་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཅིས་ཏི·ལཱ་ཧྲི་ཏི་དང་། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕ་སུན་ཟི་གཉིས་དང་མཉམ་དུ། ཀྲུའུ་ཞི་སྟེགས་བུའི་སྟེང་ཕེབས་ནས་ལྟད་མོ་བ་ཚོར་ཕྱག་གཡུག་གནང་ནས་གུས་ལན་ཕུལ།
ཧང་ཀྲོའུ་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲེ་ཅང་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཧའོ་དང་། ཧང་ཀྲོའུ་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཁའེ། ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཅིས་ཏི·ལཱ་ཧྲི་ཏི་བཅས་ཀྱིས་སྔ་རྗེས་སུ་ཤིས་ཚིག་ཕུལ།
དགོང་མོའི་ཆུ་ཚོད8དང་སྐར་མ་ང་ལྔའི་སྟེང་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས། ཧང་ཀྲོའུ་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་གནང་བ་ན། “གཞི་གྲངས་ཤོག་སྦག”གིས་བཀྲག་མདངས་ལམ་ལམ་འཚེར་བ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
ཧྲིན་དབྱི་ཆིན་མགོ་རྩོམ་མཛད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།