ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
2023.10.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་ཞིབ་འཇུག་ལྟེ་གནས་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་མཉམ་འབྲེལ་སྒོས་བསྡུས་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།

ཚོགས་ཐོག་ཏུ། ཀྲུང་དབྱང་ཏང་གི་སློབ་གྲྭ་ཚན་ཞིབ་པུའུ་ཡི་ཀྲུའུ་རིན་གཞོན་པ། དགེ་རྒན་ཆེན་མོ་ཧུང་ཞང་ཧྭ་དང་། ཞིང་ཆེན་ཏང་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་སུང་ཅུན་ཧྲན་གཉིས་ཀྱིས་སོ་སོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་དམིགས་ནས་བརྗོད་དོན་གཏམ་བཤད་སྤེལ། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་ཞིབ་འཇུག་ལྟེ་གནས་ཀྱི་ཁོངས་གཏོགས་སྡེ་ཁག་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་མ་ལག་ནས་ཡོང་བའི་གཞུང་ལུགས་བྱ་བ་སྒྲུབ་མཁན་ཚོས་སོ་སོར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་རིག་གནས། དམངས་ཚིས་ཀྱི་བདེ་སྐྱིད་ཇེ་མཐོར་གཏོང་བ་དང་མཉམ་དུ་ཕྱུག་པོར་བསྒྱུར་བ་སོགས་ཀྱི་བརྗོད་དོན་གཙིགས་སུ་བཟུང་ནས། ཚོགས་འདུའི་གླེང་སྟེགས་སྟེང་ཞིབ་འཇུག་གི་གྲུབ་འབྲས་བརྗེ་རེས་དང་མཉམ་སྤྱོད་བྱས།

ཚོགས་ཞུགས་ཆེད་མཁས་པ་དང་གཞུང་ལུགས་བྱ་བ་སྒྲུབ་མཁན་གྱིས་གྲོས་ཚོགས་ཀྱི་བརྗོད་དོན་ལ་དམིགས་པ་དང་། བགྲོ་གླེང་བརྗེ་རེས་སྤེལ་བ་བརྒྱུད་དེ། རིག་གཞུང་གི་ཐུན་མོང་ལྟ་བ་དང་གྲུབ་པར་བྱས་པ་དང་། འབད་འཐབ་ཀྱི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས། ཚང་མས་བསྟན་དོན། རིག་གཞུང་རང་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཞིབ་འཇུག་གི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་པ། རིག་གཞུང་གི་མཐོ་གནས་གསར་སྐྲུན་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོན་པོ་དང་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་སྔར་ལས་བརྟན་པོར་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མ་ལག་རང་བཞིན་དང་སྤྱི་ཁོག་རང་བཞིན་གྱི་ཞིབ་འཇུག་འགྲེལ་བཤད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། རང་འགུལ་དང་སྤུས་ཚད་མཐོ་བ། ཕན་འབྲས་ལྡན་པའི་སྒོ་ནས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གནང་བར་ཞབས་འདེགས་ཞུ་བ། ཞིང་ཆེན་ཡོངས་ཀྱི་བྱ་བ་དང་ལྷག་པར་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དྲིལ་སྒྲོག་བྱེད་པའི་གྲལ་མགོ་དམག་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བསམ་བློ་དང་གཞུང་ལུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་དགོས།

རིན་ཆེན་མཚོས་བསྒྱུར།