རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ10པའི་ཚེས24ཉིན་ཀྲུའུ་ཞིའི་བཀའ་ཁྱབ་བཅུ་གཉིས་པ་དང་བཅུ་གསུམ་པ། བཅུ་བཞི་པ་བཅས་ཀྱི་སྟེང་མཚན་བཀོད།
ཀྲུའུ་ཞིའི་བཀའ་ཁྱབ་བཅུ་གཉིས་པའི་ནང་དུ། 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན་བཟོ་བཅོས་བྱས་ཏེ་གྲོས་འཆམ་བྱུང་བ་དང་ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
ཀྲུའུ་ཞིའི་བཀའ་ཁྱབ་བཅུ་གསུམ་པའི་ནང་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་བཅའ་ཁྲིམས》ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན་གྲོས་འཆམ་བྱུང་བ་དང་ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
ཀྲུའུ་ཞིའི་བཀའ་ཁྱབ་བཅུ་བཞི་པའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན་གྱི་ཐག་གཅོད་ལྟར།
གཅིག ལིས་ཧྲང་ཧྥུའུ་ཡི་རྒྱལ་སྲིད་ཨུ་ཡོན་གྱི་གོ་གནས་དང་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གི་གོ་གནས་ལེན་རྒྱུ།
གཉིས། ཆིན་ཀང་གི་རྒྱལ་སྲིད་ཨུ་ཡོན་གྱི་གོ་གནས་ལེན་རྒྱུ།
གསུམ། ཝང་ཀྲི་ཀང་གི་ཚན་རིག་ལག་རྩལ་པུའུ་ཡི་པུའུ་ཀྲང་གི་གོ་གནས་ལེན་རྒྱུ་དང་། དབྱིན་ཧི་ཅུན་ཚན་རིག་ལག་རྩལ་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱ་རྒྱུ།
བཞི། ལིའུ་ཁུན་གྱི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གི་གོ་གནས་ལེན་རྒྱུ་དང་། ལན་ཧྥོ་ཨན་ནོར་སྲིད་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱ་རྒྱུ་ཞེས་འཁོད་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།