ཏེན་ཞུའེ་ཞང་རྒྱལ་ཁབ་གཞི་གྲངས་ཅུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།
2023.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

རྒྱལ་ཁབ་གཞི་གྲངས་ཅུའུ་ཡི་སྒོ་བྱང་ཚེས25ཉིན་པེ་ཅིང་དུ་དངོས་སུ་བཀལ་བ་དང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་མཛད་སྒོར་ཞུགས་པར་མ་ཟད་སྒོ་བྱང་གི་ཡོལ་རས་བླངས།

ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན།   རྒྱལ་ཁབ་གཞི་གྲངས་ཅུའུ་བཙུགས་པ་ནི་བློ་མཐུན་ཞི་ཅིང་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བཏོན་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན་པས།    ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞི་གྲངས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ།   གཞི་གྲངས་ཀྲུང་གོ་དང་གཞི་གྲངས་དཔལ་འབྱོར།   གཞི་གྲངས་སྤྱི་ཚོགས་ཀྱི་འཆར་འགོད་དང་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ།     གཞི་གྲངས་ཀྱི་རྨང་གཞིའི་ལམ་ལུགས་འཛུགས་སྐྲུན་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ།    གཞི་གྲངས་ཐོན་ཁུངས་ལེགས་སྒྲིག་མཉམ་སྤྱོད་དང་གསར་སྤེལ་བེད་སྤྱོད་ལ་གཅིག་གྱུར་འཆར་འགོད་བྱེད་པ་བཅས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས།    འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་གཞི་གྲངས་ཀྱི་རྨང་གཞིའི་ཐོན་ཁུངས་བྱེད་ནུས་དང་གསར་གཏོད་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ།    གཞི་གྲངས་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ།   གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་བསྲེས་ཟབ་མོ་བྱེད་པར་ཡར་སྐུལ་བྱེད་པ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

རྒྱལ་ཁབ་གཞི་གྲངས་ཅུའུ་ཡི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་གྲ་སྒྲིག་ཚན་ཆུང་གི་མི་སྣ་ཡོངས།  ཀྲུང་གོ་དྲ་འཕྲིན་གཞུང་སྒྲུབ་ཁང་།   རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།   བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་མཛད་སྒོར་ཞུགས།

                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར།