《ཞི་ཅིན་ཕིང་གི་དམངས་སྲིད་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།
2023.10.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཉེ་ལམ། དམངས་སྲིད་པུའུ་ཡིས་རྩོམ་སྒྲིག་བྱས་པའི། 《ཞི་ཅིན་ཕིང་གི་དམངས་སྲིད་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས》ཞེས་པའི་དཔེ་དེབ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

དཔེ་དེབ་འདིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅིའི་དམངས་སྲིད་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་སྙིང་། དགོངས་སྙིང་གཙོ་བོ། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཆེད་དུ་རྒྱས་བཤད་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གིས་དམངས་སྲིད་བྱ་བའི་ཐད་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། དམངས་སྲིད་བྱ་བ་དེ་དམངས་ཚིས་ལ་འབྲེལ་བ་ཡོད་ཅིང་དམངས་སེམས་དང་ཐད་ཀར་འབྲེལ་ཡོད་ལ། དམངས་སྲིད་ལས་དོན་ནི་སྤྱི་ཚོགས་འཛུགས་སྐྲུན་གྱི་མཐའ་སྐྱོང་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་གཞི་རྩའི་དམངས་ཚིས་འགན་ལེན་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་འགན་འཁྲི་སྔར་ལས་ཡག་པོར་ཁུར་ནས། དམངས་སྲིད་ལས་དོན་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་དང་རྩ་བའི་རང་བཞིན། ཁྱོན་ཡོངས་ཀྱི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་དང་བླང་བྱ་ཁ་གསལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་དམངས་སྲིད་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱིས། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་གི་དམངས་སྲིད་ལས་དོན་བཅོས་སྒྱུར་འཕེལ་རྒྱས་དང་འབྲེལ་བའི། གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་མ་ལག་ཚང་བའི་སྒོ་ནས་ལན་གསལ་བོ་བཏབ་ཡོད་ཅིང་། དེ་ནི་དམངས་སྲིད་ཁྱབ་ཁོངས་སུ་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པ་དང་། དེར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན། དམིགས་འབེན་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་དངོས་ཁྲོད་དུ། དམངས་སྲིད་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།