འཛམ་གླིང་ཧྲིལ་བོའི་རྒྱུན་སྲིང་འཕེལ་རྒྱས་གྲོང་ཁྱེར་གྱི་བྱ་དགའ་སྟེར་བའི་བྱ་འགུལ་དང2023ལོའི་འཛམ་གླིང་གྲོང་ཁྱེར་ཉིན་མོའི་ཀྲུང་གོའི་བྱ་འགུལ་སྤེལ་འགོ་རྩོམ་པའི་མཛད་སྒོ་ཚེས28ཉིན་ཧྲང་ཧེ་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་སྐབས་དང་པོའི་བྱ་དགའ་ཐོབ་པའི་གྲོང་ཁྱེར་ལ་བྱ་དགའ་གནང་།
འགོ་རྩོམ་མཛད་སྒོའི་སྔོན་ལ། ཧི་ལིས་ཧྥིན་གྱིས་གྲོང་ཁྱེར་འཛུགས་སྐྲུན་དང་གོང་སྤེལ་གྱི་དཔེ་གཞི་འགྲེམ་སྟོན་ལ་གཟིགས། ཧི་ལིས་ཧྥིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་ཁྱེར་རྒྱུན་སྲིང་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་གནང་ནས། འཛམ་གླིང་ཧྲིལ་བོའི་རྒྱུན་སྲིང་འཕེལ་རྒྱས་གྲོང་ཁྱེར་གྱི་བྱ་དགའ་འཛུགས་པར་ཐུགས་ཁུར་དང་མཛུབ་སྟོན་ཐེངས་མང་གནང་ལ། ཆེད་དུ2022ལོའི་འཛམ་གླིང་གྲོང་ཁྱེར་ཉིན་མོའི་འཛམ་གླིང་ཧྲིལ་བོའི་བྱ་འགུལ་གཙོ་བོ་དང་སྐབས་གཉིས་པའི་གྲོང་ཁྱེར་རྒྱུན་སྲིང་འཕེལ་རྒྱས་ཀྱི་འཛམ་གླིང་ཧྲིལ་བོའི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཡོད། ཀྲུང་གོ་སྲིད་གཞུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལྟར། མི་སྲོག་ཤིང་དུ་བྱས་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་ཆེན་པོ་གཏོང་བཞིན་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། འཛམ་གླིང་ཧྲིལ་བོའི་གྲོང་ཁྱེར་རྒྱུན་སྲིང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅི་ཉིང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། མཉམ་འབྲེལ་རྒྱལ་ཚོགས་སྡོད་གནས་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་མའེ་མུའུ་ནཱ•མུའུ་ཧི་ཏི•ཞེ་ལེ་ཧྥུའུ་གཉིས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།