ཧང་ཀྲོའུ་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་བདེ་བླག་ངང་གྲོལ།
2023.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ10པའི་ཚེས28ཉིན་གྱི་དགོང་མོ། ཧང་ཀྲོའུ་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་རྒྱལ་ཁའི་ངང་གྲོལ། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་མཛད་སྒོར་ཞུགས།

འདས་ཟིན་པའི་ཉིན་བདུན་གྱི་རིང་ལ། ཨེ་ཤ་ཡའི་རྒྱལ་ཁབ་དང་ས་ཁུལ་ཞེ་བཞི་ནས་ཡོང་བའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ་སུམ་སྟོང་ལྷག་གིས། འགྲན་སློང་བྱེད་ཕོད་པ་དང་རང་གི་ནུས་ཁོངས་ལས་བརྒལ་ཕོད་པ། འབད་འབུངས་ཡར་བརྩོན་བཅས་བྱས་ནས། འབད་འབུངས་ཀྱི་སྟོབས་ཤུགས་དང་ཕུལ་བྱུང་གི་རང་གཤིས་མངོན་གང་ཐུབ་བྱས་ཏེ། མཉམ་དུ་ཚེ་སྲོག་གི་སྟོབས་ཤུགས་ཆེན་པོ་ཅི་དགར་བསྟན།  ཀྲུང་གོས“དྲོད་འཇམ་དང་འཆམ་མཐུན། རང་སྟོབས། མཉམ་སྤྱོད། ”བཅས་ཀྱི་འགྲན་སྡུར་གཉེར་བའི་འདུ་ཤེས་ལག་བསྟར་བྱས་ནས། འགྲན་སྡུར་རྩ་འཛུགས་ལེགས་པོ་དང་འཐུས་སྒོ་ཚང་བའི་གེགས་མེད་སྒྲིག་ཆས་ལ་བརྟེན་ནས། ཨེ་ཤ་ཡ་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཁྱིམ་ཚང་ཆེན་མོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་གསེར་གྱི་རྟགས་མ214དང་གཟེངས་བསྟོད་རྟགས་མ521བླངས་ནས། ཨེ་ཤ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་བྱ་དགའི་རྟགས་མ་ཐོབ་ཚད་ཀུན་ལས་གཟེངས་སུ་ཐོན།

ཧང་ཀྲོའུ་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཁའེ་དང་། ཨེ་ཤ་ཡ་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཅི་ཏི·ལཱ་ཧྲིན་ཏི་ཡིས་སྔ་རྗེས་སུ་ཤིས་ཚིག་ཕུལ།

བན་དེ་སྐྱབས་ཀྱིས་བསྒྱུར།