ཟླ10པའི་ཚེས21ཉིན་ནས་ཚེས22ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པ་དང་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པའི་ཡུལ་དངོས་ཆེད་དོན་འཆད་ཁྲིད་སོ་སོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་བསྡུས། རྒྱལ་ཁབ་ཆོས་ལུགས་ཅུའུ་ཡི་ཅུའུ་ཀྲང་ཟུར་པ། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་གླིང་གཙོ་གཞོན་པ་དང་པོ་ཟུར་པ་ཡེ་ཞའོ་ཝུན་གྱིས་སོ་སོར་ཁ་བྱང་ལ་ཀྲུང་ཧྭའི་རིག་གནས་ཀྱི་རྩ་རྒྱུད་དང་རིག་གནས་རང་རྟོན་དེ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་བྱས་པའི་མྱོང་ཚོར་རགས་ཙམ་དང་མཐུན་ཆ་ཆེན་པོ་བསྐྲུན་ནས་གཅིག་མཐུན་ཚོགས་པ་འཛུགས་ཞེས་པའི་ཆེད་དོན་སློབ་ཁྲིད་བྱས།
ཞིང་ཆེན་རིམ་པའི་ངོས་ཕྱོགས་ཀྱི་འཆད་ཁྲིད་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ནང་དོན་ཟབ་མོ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཇི་ལྟར་ཕུལ་བྱུང་དུ་འགྱུར་བ་དང་ཇི་ལྟར་གོ་ཆོད་པའི་མི་ཞིག་ཏུ་འགྱུར་བ། ཀྲུང་གོའི་མཚན་སྙན་ཇི་ལྟར་རྒྱས་པ་སོགས་ཕྱོགས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་ཟབ་མོ་བྱས། གྲོང་ཁྱེར་རིམ་པའི་ངོས་ཕྱོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས། མི་རིགས་ཆོས་ལུགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་བསམ་འཆར་མང་བོ་བཏོན། འཆད་ཁྲིད་གཉིས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་གོ་དོན་གཏིང་ཟབ་པ་དང་། གཏན་ཚིགས་དམ་ལ། གཞུང་ལུགས་ཀྱི་འགྲེལ་ཀློག་ཡོད་པར་མ་ཟད་གནས་བབ་ཀྱི་དབྱེ་ཞིབ་ཀྱང་ཡོད་པ་དང་། ཚོགས་ཞུགས་མི་སྣས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མི་རིགས་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ངོས་འཛིན་གཏིང་ཟབ་བྱེད་ཐུབ་པར་བྱས།
ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་དང་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་སྡེ་ཁག་སོ་སོ། གྲོང་ཁྱེར་ཐད་གཏོགས་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་སོ་སོ། མཚོ་ཤར་བཟོ་ལས་ར་བའི་ཁུལ། མཚོ་ཤར་གྲོང་ཁྱེར་མངའ་ཁོངས་ཀྱི་རྒྱལ་དབང་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་དང་། མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན། མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་བཅས་ཀྱི་འབྲེལ་ཡོད་ཆེད་ལས་ཀྱི་དགེ་སློབ་ཀྱི་འཐུས་ཚབ་དང་། ཞིང་ཆེན་ཆེད་མཁས་པ་དང་འཇོན་མི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་ཚབ་བཅས་མི་བརྒྱད་བརྒྱ་ཙམ་འཆད་ཁྲིད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།