ཀྲུང་གོའི་མཁའ་སྐྱོད་པའི་ཚན་ཆུང་གིས་འཁོར་ལམ་ནས་འོས་འགན་སྤྲོད་ལེན་བྱས་ཚར་བ་དང་ལྷ་གྲུ་བཅུ་དྲུག་པའི་མཁའ་སྐྱོད་པ་ཕྱིར་ས་ངོས་སུ་ལོག་རྩིས་འདུག
2023.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

གསར་འགོད་པས་ཀྲུང་གོ་མི་སྡོད་འཕུར་གྲུ་བཟོ་སྐྲུན་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལྷ་གྲུ་བཅུ་དྲུག་པ་དང་ལྷ་གྲུ་བཅུ་བདུན་པའི་མཁའ་སྐྱོད་པའི་ཚན་ཆུང་གིས། ཟླ10པའི་ཚེས29ཉིན་འོས་འགན་སྤྲོད་ལེན་གྱི་མཛད་སྒོ་བསྡུས་ཏེ། མཁའ་སྐྱོད་པའི་ཚན་ཆུང་གཉིས་ཀྱིས་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ལྡེ་མིག་སྤྲོད་ལེན་བྱས།

མིག་སྔའི་བར་དུ། ལྷ་གྲུ་བཅུ་དྲུག་པའི་མཁའ་སྐྱོད་པའི་ལས་སྒྲུབ་ཚན་ཆུང་གིས་གཏན་འཁེལ་བྱས་པའི་ལས་འགན་ཚང་མ་ཡོངས་འགྲུབ་བྱས་ཚར་བ་དང་། ཟླ10པའིཚེས31ཉིན་ལྷ་གྲུ་བཅུ་དྲུག་པའི་མི་སྡོད་འཕུར་གྲུར་བསྡད་དེ་ཤར་རླུང་འབབ་ཚིགས་ནས་སྐམ་སའི་སྟེང་འབབ་རྒྱུ་རེད། མིག་སྔར། འབབ་ས་དང་དེ་བཞིན་ཚོད་ལྟའི་ནང་ཞུགས་པའི་མ་ལག་ཁག་གིས་མཁའ་སྐྱོད་པར་དགའ་བསུ་ཞུ་བའི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།