ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས།
2023.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ10ཚེས30ཉིན་ནས་ཚེས31ཉིན་བར་དུ། ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཚོགས་འདུར་ཞུགས།

ཟླ10ཚེས30ཉིན་ནས་ཚེས31ཉིན་བར་དུ། ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི། དངུལ་རྩའི་ལས་དོན་ལ་སྤྱི་བསྡོམས་གནང་བ་དང་། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གནང་བར་མ་ཟད། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི་དངུལ་རྩའི་ལས་དོན་ལ་བཀོད་སྒྲིག་གནང་། ལིས་ཆང་གིས་དངུལ་རྩའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ནས་བཀོད་སྒྲིག་ཞིབ་ཕྲ་གནང་།

ཟླ10ཚེས30ཉིན་ནས་ཚེས31ཉིན་བར་དུ། ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་དངུལ་རྩ་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཁྲག་རྒྱུན་དང་རྒྱལ་ཁབ་ཀྱི་འགྲན་རྩོད་ནུས་པ་གཙོ་བོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། དངུལ་རྩའི་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། དངུལ་རྩའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ཉེན་ཁ་འགོག་ཟོན་དང་སེལ་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་གཏོང་བའི་བགྲོད་ལམ་སྟེང་བསྐྱོད་པ། རང་རྒྱལ་གྱི་དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་བསྐྲུན་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་འོག་ཏུ། དངུལ་རྩའི་ཁོངས་གཏོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འདེགས་སྐྱོར་ནུས་ལྡན་བྱས་ནས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བའི་མཁྲེགས་གཏོར་དམག་འཐབ་མཐའ་གཅིག་ཏུ་བརྒྱབ་ནས། དུས་བཅད་ལྟར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པར་བྱེད་པ་དང་བརྒྱ་ལོ་དང་པོའིའབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་བྱས་རྗེས་གང་ལེགས་བཞག་ཡོད། ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་དངུལ་རྩའི་གཞུང་ལུགས་དང་དེང་རབས་ཀྲུང་གོའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གང་ལེགས་བྱེད་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ། དུས་རབས་གསར་པའི་དངུལ་རྩའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་འབད་བརྩོན་བྱེད་རྒྱུ། རང་རྒྱལ་གྱི་དངུལ་རྩའི་བྱ་གཞག་གི་ལག་ལེན་གསར་གཏོད་དང་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་གཏོང་ལམ་གསར་གཏོད་ལ་སྟོབས་ཤུགས་གང་ཡོད་བཏོན་ནས་གསར་གཏོད་བྱ་རྒྱུ་བཅས་ལ་འབད་དགོས་ཞེས་གསུངས། གྲོས་ཚོགས་ལས་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་སྒོས་མགོ་ཁྲིད་བྱ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ལྟེ་བར་འཛིན་པའི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱེད་པ། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་དངུལ་རྩའི་ལས་དོན་གྱི་རྟག་བརྟན་བརྗོད་བྱ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་བགྲོད་ལམ་སྟེང་དུ་དངུལ་རྩའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དངུལ་རྩའི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུན་རྒྱུན་འཁྱོངས་བྱེད་པ། དངུལ་རྩའི་སྒོ་འབྱེད་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བཅས་བྱེད་དགོས། ལག་ལེན་གྱི་གྲུབ་འབྲས་དང་གཞུང་ལུགས་ཀྱི་གྲུབ་འབྲས་འདི་དག་ནི་ལས་སླ་མོའི་སྒོ་ནས་ཐོབ་ཐུབ་པ་ཞིག་གཏན་ནས་མིན། དུས་མཚུངས་སུ་རིག་པ་གསལ་བོ་བཅངས་ནས་མཐོང་དགོས་པ་ཞིག་ལ། དངུལ་རྩའི་ཁྱབ་ཁོངས་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་ཕན་ཚུན་འདྲེས་ཤིང་ཕན་ཚུན་ཤུགས་རྐྱེན་གཏོང་རེས་བྱེད་ཀྱིན་ཡོད་ཅིང་། དེའི་ཁྲོད་ཀྱི་གནད་དོན་ལ་ལ་ད་དུང་ཧ་ཅང་འབུར་ཐོན་ཡིན་པ་དང་། དཔལ་འབྱོར་དང་དངུལ་རྩའི་ཉམས་ཉེན་གྱི་འགལ་རྐྱེན་སྔར་བཞིན་ཅུང་མང་བ། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་ཆེན་པོ་མེད་པ། དངུལ་རྩ་ཟང་ཟིང་ཅན་དུ་འགྱུར་བའི་སྣང་ཚུལ་དང་རུལ་སུངས་སུ་འགྱུར་བའི་གནད་དོན་ལ་བཀག་སྡོམ་ཡང་ཡང་བྱས་ཀྱང་མཚམས་གཅོད་མི་ཐུབ་པ། དངུལ་རྩར་ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་བྱེད་ནུས་ཞན་པ་བཅས་ཀྱི་སྣང་ཚུལ་ད་དུང་གནས་ཡོད་པའི་དབང་གིས། དངུལ་རྩའི་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། སེམས་ཐག་གཙང་བཅད་ཀྱིས་རྩ་བའི་ཐོག་ནས་གནད་དོན་དེ་དག་ཐག་གཅོད་བྱེད་པ། དངུལ་རྩ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་རམ་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི་དངུལ་རྩའི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ལ་སྟངས་འཛིན་གང་ལེགས་བྱེད་པ། དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་རྒྱུ་དམིགས་འབེན་དུ་འཛིན་པ་བཅས་བྱས་ནས། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་དང་། དངུལ་རྩའི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། དངུལ་རྩའི་དཔུང་སྡེ་སོ་སོའི་བབ་གཙང་རང་བཞིན་དང་ཆེད་ལས་རང་བཞིན། འཐབ་ནུས་རང་བཞིན་བཅས་འདེགས་སྐྱོར་གལ་ཆེན་དུ་འཛིན་པ། ལྟ་སྐུལ་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དང་ཉེན་ཁ་སྔོན་འགོག་དང་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་འཛིན་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀ་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་གང་ལེགས་བྱེད་པ། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་ཚད་མཐའ་བརྟན་སྲུང་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ།ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་རྩའི་མ་ལག་མགྱོགས་མྱུར་ངང་འཛུགས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དངུལ་རྩའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། དུས་རབས་གསར་པའི་དངུལ་རྩའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་སྐྲུན་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཞིག་ཡིན་པས། དངུལ་རྩས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་ངང་ཞབས་འདེགས་ཞུ་དགོས། དངུལ་ལོར་དང་དངུལ་རྩའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུར་ཤུགས་བསྣན་ཏེ། འཐབ་ཇུས་གལ་ཆེན་དང་གཙོ་གནད་ཁྱབ་ཁོངས། ལྷུ་ཚིགས་ཞན་ས་བཅས་ཀྱི་སྤུས་ལེགས་ དངུལ་རྩའི་ཞབས་ཞུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཐོག་མཐའ་བར་གསུམ་དུ་དངུལ་ལོར་སྲིད་ཇུས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་དང་། དུས་འཁོར་ལས་བརྒལ་བ་དང་དུས་འཁོར་ལས་ལྡོག་སྟེ་སྙོམས་སྒྲིག་བྱེད་པར་སྔར་ལས་དོ་སྣང་ཆེན་པོ་བྱས་ནས། དངུལ་ལོར་སྲིད་ཇུས་ཀྱི་ལག་ཆའི་སྒམ་སྔར་ལས་འཐུས་ཚང་དུ་གཏོང་དགོས། མ་དངུལ་གྱི་འདོན་སྤྲོད་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། དངུལ་རྩའི་ཐོན་ཁུངས་སྔར་ལས་མང་པོ་ཞིག་ཚན་རྩལ་གསར་གཏོད་དང་སྔོན་ཐོན་བཟོ་སྐྲུན། ལྗང་མདོག་འཕེལ་རྒྱས། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་བཅས་ལ་སྐུལ་འདེད་གཏོང་བར་སྤྱོད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཕན་འབྲས་ཆུང་ངུས་བཟུང་བའི་དངུལ་རྩའི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱེད་པ་དང་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་དགོས། ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གཞི་གྲངས་དངུལ་རྩ་བཅས་ཀྱི་ལས་དོན་ལྔ་ལེགས་པོར་བསྒྲུབ་དགོས། དེང་རབས་ཀྱི་དངུལ་རྩའི་སྒྲིག་གཞི་དང་ཚོང་རའི་མ་ལག་འཛུགས་པར་ཤུགས་སྣོན་པ་དང་། མ་དངུལ་རྣམས་དངོས་ཕུང་དཔལ་འབྱོར་དུ་ཞུགས་པའི་ཐབས་ལམ་སྡུམ་དགོས། བསྡུ་དངུལ་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་མ་རྩའི་ཁྲོམ་རའི་ལྟེ་བའི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱེད་པ། མ་རྐང་འགྲེམ་སྤེལ་ཐོ་འགོད་ལམ་ལུགས་གཏིང་ཟབ་དུ་སྤེལ་བ། སྣེ་མང་ཅན་གྱི་རྐང་དབང་གི་བསྡུ་དངུལ་འཕེལ་རྒྱས་སུ་གཏོང་བ། རྐང་དངུལ་འཛིན་ལོར་ཚོང་རར་ཞུགས་པའི་ཀུང་ཟིའི་སྤུས་ཚད་མཐོར་འདེགས་ཤུགས་ཆེན་གཏོང་བ། མ་དངུལ་འཇོག་པའི་དངུལ་ཁང་དང་མ་དངུལ་འཇོག་པའི་ལས་ཁུངས་རྩེ་གྲས་གསོ་སྐྱོང་བཅས་བྱེད་དགོས། བུན་འཛིན་ཚོང་ར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱེད་དགོས། སྒྲིག་གཞིའི་གནས་ཐིག་གཏན་འཁེལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ལ་དབང་བའི་དངུལ་རྩའི་སྒྲིག་གཞི་ཆེ་གྲས་ཇེ་ལེགས་དང་སྟོབས་ལྡན་དུ་འགྱུར་བར་རྒྱབ་སྐྱོར་བྱེད་པ། དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་གཙོ་ཤུགས་དམག་དཔུང་དང་དངུལ་རྩ་བརྟན་གནས་ཡོང་བར་སྲུང་སྐྱོབ་བྱེད་པའི་རྨང་རྡོ་ཡག་པོ་བྱེད་པ། དངུལ་རྩའི་སྒྲིག་གཞི་ཆུང་འབྲིང་གི་ཞུགས་ཆོག་མིན་གྱི་ཚད་གཞི་དང་ལྟ་སྐུལ་དོ་དམ་གྱི་བླང་བྱ་སྔར་ལས་ཇེ་དམ་དུ་གཏོང་བ། ཁྱད་ཆོས་ཡོད་པའི་གཉེར་སྐྱོང་བྱེད་ཕྱོགས་ས་གནས་དེ་གར་རྐང་ཚུགས་པར་བྱེད་པ། སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་དངུལ་རྩའི་སྒྲིག་གཞིའི་འགན་ནུས་གནས་ཐིག་གཏན་འཁེལ་བྱེད་ཤུགས་ཆེ་རུ་གཏོང་བ། འགན་བཅོལ་ལས་རིགས་ཀྱི་དཔལ་འབྱོར་ཉུང་གཏོང་ཡོ་བྱད་དང་སྤྱི་ཚོགས་བརྟན་གནས་ཡོ་བྱད་ཀྱི་ནུས་པ་འདོན་སྤེལ་བཅས་བྱེད་དགོས། ཚོང་རའི་སྒྲིག་སྲོལ་ལ་ཤུགས་སྣོན་པ་དང་། སྒྲིག་སྲོལ་གཅིག་གྱུར་དང་ལྟ་སྐུལ་དོ་དམ་མཐུན་སྦྱོར་བཅས་ཀྱི་དངུལ་རྩའི་ཚོང་ར་བཙུགས་ནས། ཡུན་རིང་གི་མ་རྩ་གྲུབ་པར་སྐུལ་འདེད་གཏོང་དགོས། ཁྲིམས་མིས་བཅོས་སྐྱོང་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་རྩའི་ཁེ་ལས་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ལ་དབང་བའི་དངུལ་རྩའི་མ་རྩ་དོ་དམ་འཐུས་ཚང་དུ་གཏོང་བ། དངུལ་ཁང་གི་མ་རྩའི་ཁ་གསབ་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཐོན་སྐྱེད་དང་མཉམ་བསྲེས་ཀྱི་ཉེན་ཁ་སོ་སོར་འབྱེད་པ་བཅས་བྱེད་དགོས། དངུལ་རྩའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རྒྱལ་ཁབ་ཀྱི་དངུལ་རྩ་དང་དཔལ་འབྱོར་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། “ནང་དུ་འདྲེན་པ”དང“ཕྱི་རུ་སྐྱོད་པ”གཉིས་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། དངུལ་རྩའི་ཁྱབ་ཁོངས་ཀྱི་ལམ་ལུགས་ཅན་གྱི་སྒོ་འབྱེད་གོམ་སྟབས་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ། རྒྱལ་ཁོངས་ལས་བརྒལ་བའི་བསྡུ་དངུལ་སྟབས་བདེ་ཅན་དུ་གཏོང་བ། ཕྱི་རྒྱལ་གྱི་མ་དངུལ་འཇོག་པའི་དངུལ་རྩའི་སྒྲིག་གཞི་དང་ཡུན་རིང་གི་མ་རྩ་སྔར་ལས་གང་མང་ཀྲུང་གོར་ཡོང་ནས་ལས་རིགས་དར་རྒྱས་གཏོང་བའི་ཐད་ཚུར་འགུགས་བཅས་བྱེད་དགོས། ཧྲང་ཧའེ་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ཀྱི་འགྲན་རྩོད་བྱེད་ནུས་དང་བག་ཆགས་འཇོག་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ཀྱི་གནས་བབ་སྔར་ལས་སྲ་བརྟན་དང་མཐོར་འདེགས་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས་དངུལ་རྩར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་ནུས་ལྡན་བྱེད་པའི་དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་ཕན་ནུས་རང་བཞིན་མཐོ་རུ་ཏན་ཏིག་གཏོང་བ་དང་། ཁྲིམས་ལྟར་དངུལ་རྩའི་བྱེད་སྒོ་ཡོད་ཚད་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་བཅུག་སྟེ། ལས་ཁུངས་ལ་ལྟ་སྐུལ་དོ་དམ་དང་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ། བྱེད་ནུས་ལ་ལྟ་སྐུལ་དོ་དམ། བརྟོལ་བའི་ལྟ་སྐུལ་དོ་དམ། རྒྱུན་མཐུད་ལྟ་སྐུལ་དོ་དམ་བཅས་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་པ། ལྟ་སྐུལ་དོ་དམ་གྱི་སྟོང་ཆ་དང་རྨོངས་ཁུལ་མེད་པར་བཟོ་བ། ཁྲིམས་བསྟར་ནན་མོ་དང་རལ་གྲི་འཕྱར་ཕོད་པ། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོ་ལ་རྡུང་རྡེག་ནན་མོ་གཏོང་བ་བཅས་བྱེད་དགོས། དངུལ་རྩའི་སྒྲིག་གཞི་ཆུང་འབྲིང་གི་ཉེན་ཁ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ས་གནས་བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་འདུམ་སེལ་བྱེད་པའི་ཡུན་ཕན་ལམ་སྲོལ་འཛུགས་རྒྱུ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་སྲིད་གཞུང་གི་བུ་ལོན་དོ་དམ་ལམ་སྲོལ་བཙུགས་ཏེ། ཀྲུང་དབྱང་དང་ས་གནས་སྲིད་གཞུང་གི་བུ་ལོན་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས། དངུལ་རྩ་དང་ས་ཁང་བདག་ཁོངས་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ས་ཁང་བདག་ཁོངས་ཁེ་ལས་ཀྱི་རང་བདག་ལྟ་སྐུལ་དོ་དམ་ལམ་ལུགས་དང་མ་དངུལ་ལྟ་སྐུལ་དོ་དམ་སྔར་ལས་འཐུས་ཚང་དུ་གཏོང་བ། ས་ཁང་བདག་ཁོངས་ཀྱི་དངུལ་རྩའི་སྤྱི་ཁོག་གཟབ་ནན་དོ་དམ་དང་འཐུས་ཚང་དུ་གཏོང་བ། དབང་བའི་ལམ་ལུགས་མི་འདྲ་བའི་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ལུགས་མཐུན་གྱི་བསྡུ་དངུལ་དགོས་མཁོ་ཕྱོགས་རིས་མེད་པར་སྐོང་བ། གྲོང་ཁྱེར་ལ་དམིགས་ནས་སྲིད་ཇུས་དང་ལག་ཆ་གང་ལེགས་སྤྱོད་པ་དང་། འགྱུར་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་སྔར་ལས་གང་ལེགས་བྱེད་པ། འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས“བཟོ་སྐྲུན་ཆེན་པོ་གསུམ”འཛུགས་སྐྲུན་གང་མགྱོགས་བྱས་ནས། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་འཛུགས་དགོས། དངུལ་རྩའི་ཚོང་ར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་སྲུང་སྐྱོབ་དང་། དངུལ་རྩའི་ཚོང་རའི་འགྲེམས་སྤེལ་དང་ཉོ་འཚོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྔོན་དཔག་ལ་ཁྲིད་སྟོན་ལུགས་མཐུན་བྱེད་པ། ཉེན་ཁ་ས་ཁོངས་ལས་བརྒལ་བ་དང་ཚོང་ར་ལས་བརྒལ་བ། རྒྱལ་མཚམས་ལས་བརྒལ་ཏེ་བརྒྱུད་སྤྲོད་བྱེད་པ་བཅས་ཀྱི་མཉམ་འགུལ་སྔོན་འགོག་བཅས་བྱེད་དགོས། ཕྱི་རྒྱལ་གྱི་དངུལ་བརྗེས་ཚོང་རར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་སྟེང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱེད་དགོས། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པར་དབང་ཆ་དང་འགན་འཁྲིའི་བར་གྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱས་ནས། འགན་དབང་གཅིག་གྱུར་དང་སྐུལ་ལྕག་ཚོད་འཛིན་གྱི་ཉེན་ཁ་ཐག་གཅོད་བྱེད་པའི་འགན་འཁྲིའི་ལམ་སྲོལ་སྔར་ལས་འཐུས་སྒོ་ཚང་དུ་གཏོང་དགོས། མགྱོགས་མྱུར་དང་བརྟན་པོའི་འབྲེལ་བར་སྟངས་འཛིན་ཡག་པོ་བྱས་ཏེ། སྤྱི་ཡོངས་བརྟན་པོ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། དུས་ཚོད་དང་ཕན་འབྲས་ལ་སྟངས་འཛིན་གང་ལེགས་བྱེད་པ་དང་། ཉེན་ཁ་ཏན་ཏིག་དང་བརྟན་པོའི་ངང་སེལ་བ། ཁྲིམས་འགལ་ཉེས་གསོག་དང་རུལ་སུངས་བྱེད་སྤྱོད་ལ་ཆད་པ་མཐའ་གཅིག་ཏུ་གཅོད་པ་བཅས་བྱས་ནས། ཀུན་སྤྱོད་ཀྱི་ཉེན་ཁ་ནན་འགོག་བྱེད་དགོས། ཉེན་ཁ་སྔ་མོ་ནས་དབྱེ་འབྱེད་དང་སྔ་མོ་ནས་ཉེན་བརྡ་གཏོང་བ། སྔ་མོ་ནས་ཕྱིར་མངོན་པར་བྱེད་པ། སྔ་མོ་ནས་ཐག་གཅོད་བཅས་བྱས་ཏེ། ཚོད་འཛིན་ནན་མོ་ཡིན་པའི་དངུལ་རྩའི་ཉེན་ཁ་དུས་ཐོག་ཏུ་ཡོ་བསྲང་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་བསྟན་དོན། ཏང་ཀྲུང་དབྱང་གི་དངུལ་རྩའི་བྱ་བའི་ཐད་ཀྱི་གཅིག་གྱུར་མགོ་ཁྲིད་ལ་ཤུགས་སྣོན་རྒྱུ་ནི་དངུལ་རྩའི་བྱ་བ་བཟང་པོར་བསྒྲུབ་པའི་རྩ་བའི་འགན་སྲུང་ཡིན། ཏང་གིས་དངུལ་རྩའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་བྱེད་ནུས་འདོན་སྤེལ་བྱས་ནས་གཅིག་གྱུར་མཐུན་སྦྱོར་ལ་སྟངས་འཛིན་ནན་མོ་བྱེད་དགོས། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་བྱེད་ནུས་འདོན་སྤེལ་བྱས་ཏེ་དངུལ་རྩའི་མ་ལག་གི་ཏང་འཛུགས་ལ་ཤུགས་སྣོན་དགོས། ས་གནས་ཏང་ཨུའི་དངུལ་རྩ་ཨུ་ཡོན་ལྷན་ཁང་དང་དངུལ་རྩ་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱེད་ནུས་འདོན་སྤེལ་བཟང་པོ་བྱས་ཏེ་ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། ཆབ་སྲིད་ཀྱི་རྩ་བ་བརྟན་པ་དང་ནུས་པ་འཛོམས་པ། སྤྱོད་ཚུལ་བཟང་པའི་ཚད་གཞིའི་རྒྱུན་བསྐྱངས་ནས་བློ་དཀར་གཞུང་དྲང་དང་ཁག་ཁུར་ལྡན་པའི་སྤུས་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་དངུལ་རྩའི་སྡེ་ཁག་གི་འཇོན་མིའི་དཔུང་སྡེ་འཛུགས་དགོས། དངུལ་རྩའི་སྡེ་ཁག་ཏུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། གཞུང་དྲང་ཡིད་རྟོན་ཕེར་བ་དང་བདེན་འཛིན་ཁེ་ལེན། གཟབ་བརླིང་བརྟན་གསུམ་འཛོམས་པ། དྲང་སྲུང་གསར་གཏོད། ཁྲིམས་མཐུན་ལུགས་མཐུན་བཅས་ཀྱི་རྒྱུན་སྐྱོང་དགོས། དངུལ་རྩའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དངུལ་རྩའི་ཁྱབ་ཁོངས་གཙོ་བོ་དང་རྣམ་པ་གསར་བའི་ཁྱབ་ཁོངས་ཀྱི་ཁྲིམས་བསྟར་ལ་སྐུལ་འདེད་བཏང་ནས་དངུལ་རྩའི་ཁྱབ་ཁོངས་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱ་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་དངུལ་རྩའི་ལས་དོན་འཕེལ་རྒྱས་འགྲོ་བའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་ཐད་ལན་བཏབ་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མར་ཁེ་སི་རང་ལུགས་ཆབ་སྲིད་དཔལ་འབྱོར་རིག་པའི་དངུལ་རྩའི་གནད་དོན་ཐད་ཀྱི་གསར་གཏོད་ཀྱི་གྲུབ་འབྲས་ཀྱང་ཡིན་པས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱསལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཁ་ཕྱོགས་འདོན་སྤྲོད་བྱས་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སློབ་སྦྱོང་གཏིང་ཟབ་དང་རང་འགུལ་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས། དངུལ་རྩའི་རྩ་བའི་ཚོད་འཛིན་འཐུས་ཚང་དུ་བཏང་ནས་དངུལ་ལོར་ཡིད་རྟོན་དངུལ་བུན་མཁོ་འདོན་བྱེད་པའི་སྒྲིག་སྲོལ་དང་ཁྱད་ཆོས་གསར་བར་གོ་བ་ཡང་དག་བླངས་ནས་དངུལ་ལོར་འདོན་སྤྲོད་ཀྱི་སྤྱི་འབོར་དང་ཟུང་ལྡན་སྒྲིག་གཞིར་ཤུགས་སྣོན་དགོས། དངུལ་རྩའི་ཞབས་ཞུ་བཟང་པོར་ཤུགས་སྣོན་པ་དང་དངུལ་རྩའི་སྤུས་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་པ། ཕྱི་རུ་འགྲོ་བ་དང་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་ཞབས་ཞུ་ལེགས་པོ་སྒྲུབ་པ་དང་མི་དམངས་དངུལ་སྒོར་རྒྱལ་སྤྱི་ཅན་ལ་སྐུལ་འདེད་གཏོང་དགོས། དངུལ་རྩའི་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་དང་འཁྲི་འདེད་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་ཁྱབ་ཁོངས་གཙོ་བོའི་དངུལ་རྩའི་ཉེན་ཁ་སེལ་དགོས། དངུལ་རྩའི་ཁྱབ་ཁོངས་གཙོ་བོའི་བྱ་བ་ལེགས་པར་བསྒྲུབ་པ་དང་སྲིད་ཇུས་ལག་བསྟར་དང་བྱ་བའི་སྐུལ་འདེད་ཤུགས་ཚད་ཆེ་རུ་གཏོང་བ། འཁོར་སྐྱོད་རང་བཞིན་ལུགས་མཐུན་དང་འབེལ་བོ་ཡོང་བ་རྒྱུན་འཁྱོངས་དང་དངུལ་རྩ་མཉམ་འདྲེས་ཀྱི་མ་རྩ་རྒྱུན་མཐུད་མར་ཆག་པར་བྱས་ནས་མ་རྩའི་ཚོང་རར་གསོན་ཤུགས་རྒྱས་པར་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་ནང་མཁོ་རྒྱ་བསྐྱེད་པ་། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་རྩ་བརྟན་འཇགས་ཡོང་བར་བྱས་ཏེ་ཚན་རྩལ་གསར་བ་དང་འགྲན་ར་གསར་བ། ཚོང་ར་གསར་བའི་ཐད་ཀྱི་དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་བསྣན་ནས་འགུལ་ནུས་གསར་བ་དང་ལེགས་ཆ་གསར་བ་གང་མགྱོགས་ངང་གསོ་སྐྱོང་བྱེད་དགོས།

གྲོས་ཚོགས་སྟེང་དུ།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ།  ལྷག་པར་དུ་དངུལ་རྩའི་མ་ལག་གིས་བསམ་བློ་དང་འགུལ་སྐྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་སྔར་ལས་གཅིག་གྱུར་བྱེད་པ་དང་།  དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ།   ཏང་གི་དངུལ་རྩའི་བྱ་བའི་ཐད་ཀྱི་འགོ་ཁྲིད་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་གཏོང་བ།   དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་ཐག་གཅོད།    དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་བྱ་བ་གཙོ་བོ་ཏན་ཏིག་གིས་བཟང་བོར་བསྒྲུབ་པ།    དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པ།   གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱེད་པ།    དངུལ་རྩའི་ལས་བྱེད་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བཟང་བོ་བྱེད་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

ཧི་ལིས་ཧྥིན་གྱིས་སྤྱི་སྡོམ་གཏམ་བཤད་བྱས།  ཀྲུང་གོ་མི་དམངས་དངུལ་ཁང་དང་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ།   ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་།  པེ་ཅིང་གྲོང་ཁྱེར།  ལོའེ་ཉིང་ཞིང་ཆེན།  ཧུའུ་པེ་ཞིང་ཆེན།   སི་ཁྲོན་ཞིང་ཆེན་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།   ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན།   རྒྱལ་སྲིད་ཨུ་ཡོན།   ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།   རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཞུགས།

ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དང་གྲོང་ཁྱེར་སོ་སོ།   འཆར་གཞི་ལོགས་བཀོད་གྲོང་ཁྱེར།   ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས།   ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པ།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག    ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྡེ་ཁག་དང་ཁེ་ལས་ཁ་ཤས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ལ་ཞུགས།