རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་ཞིན་ཅང་རང་དབང་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་སྤྱིའི་འཆར་འགོད་དཔར་འགྲེམ་བྱས།
2023.11.02 ཁུངས། ཀློག་གྲངས། 25

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་ཞིན་ཅང་རང་དབང་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་སྤྱིའི་འཆར་འགོད་དཔར་འགྲེམ་བྱས། ཞིན་ཅང་རང་དབང་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཇུས་ཆོད་གལ་ཆེན་ཡིན་ལ། དུས་རབས་གསར་བར་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་ཞིན་ཅང་སྐྱོང་བའི་འཐབ་ཇུས་ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཞིན་ཅང་རང་དབང་ཉོ་ཚོང་ཚོད་ལྟའི་ཁུལ་དེ་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་དཔེ་སྟོན་ཁུལ་དུ་བསྐྲུན་ནས། ཞིན་ཅང་རྒྱལ་སྤྱིའི་རྒྱལ་ནང་གི་འཁོར་རྒྱུག་ཟུང་གི་འགག་རྩ་གལ་ཆེན་ཁྲོད་འདྲེས་པར་བྱས་ཏེ། རྒྱུད་གཅིག་ལམ་གཅིག་གི་སྲོག་ཤིང་ཁུལ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ་དང་། ཨེ་ཤ་ཡ་དང་ཡོབ་གླིང་གི་རྒྱུ་ལམ་གལ་ཆེན་དང་། རང་རྒྱལ་གྱིས་ནུབ་ཕྱོགས་ལ་སྒོ་འབྱེད་བྱེད་པའི་ཟམ་སྣེ་ལྟ་བུར་འཛུགས་སྐྲུན་བྱས་ནས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་བྱས་རྗེས་འཇོག་དགོས། ཇུས་གཞི་ལས་ཕྱོགས་ཉེར་ལྔའི་ཞིབ་ཕྲའི་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས་འདུག 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།