སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་བསྡུས།
2023.11.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 40

སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་ཚེས་གཅིག་ཉིན་གྱི་ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། རྒྱུན་ཨུ་བཅུ་གསུམ་གྱིས“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་བསྣན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས”ཞེས་པར་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

རྒྱུན་ཨུ་ཁྲེ་ཅུན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ལས་དོན་ཡག་པོ་བསྒྲུབས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་གྲོས་འགོ་བཏོན ། རྒྱུན་ཨུ་རོན་ཁྲེང་ཧྥ་ཡིས་སྐྱེ་ཁམས་དཔལ་ཡོན་གྱི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་གི་སྲིད་འཛིན་ཁྲིམས་འཛིན་ནུས་པ་ཆེ་རུ་གཏོང་བ། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། རྒྱུན་ཨུ་ཧྲང་ཡུང་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་ནས་ལྗང་མདོག་ལག་རྩལ་མ་ལག་གི་རང་བརྟེན་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཚན་རྩལ་གྱི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་པའི་གྲོས་འགོ་བཏོན། རྒྱུན་ཨུ་ཝང་ཅིན་ནན་གྱིས་སྦགས་བཙོག་དངོས་པོ་གསར་བ་མཐུན་སྦྱོར་ངང་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་པ་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དམ་འཛིན་ནན་མོ་བྱས་ནས། སྤྱི་དམངས་ཀྱི་བདེ་ཐང་དང་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་པའི་གྲོས་འགོ་བཏོན།  རྒྱུན་ཨུ་ཝང་ཞའོ་ཏུང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་འཆར་འགོད་སྣེ་ཁྲིད་ལ་དོ་སྣང་ཆེན་པོ་བྱས་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། རང་རང་གི་ཁྱད་ཆོས་ལྡན་པའི་དེང་རབས་པར་གཞིའི“མཛེས་སྡུག་ལྡན་པའི་རི་ཁུལ་གྱི་རི་མོ”ཧུར་ཐག་གིས་གཏོད་དགོས་པའི་གྲོས་འགོ་བཏོན། རྒྱུན་ཨུ་ཆན་ཁེ་མིང་གིས་ལྗང་མདོག་ཐོན་རྫས་དང་ཞབས་ཞུ་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ་དང་ལྗང་མདོག་འཛད་སྤྱོད་ཀྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན ། རྒྱུན་ལས་ཨུ་ཡོན་ལིན་ཅན་ཡུའེ་ཡིས་ཞང་ཀང་རྒྱལ་སྤྱིའི་དངུལ་ལོར་ལྟེ་གནས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཚོ་ཁུག་ཆེན་མོའི་ལྗང་མདོག་དངུལ་ལོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ“ལྗང་མདོག་མཚོ་ཁུག་ཁུལ”གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་གི་འཆར་འགོད་དང་སྒྲིག་སྲོལ། ལམ་སྲོལ་བཅས་སྦྲེལ་མཐུད་བྱེད་དགོས་པའི་གྲོས་འགོ་བཏོན། རྒྱུན་ཨུ་ཏན་ཡན་ཀྲེང་གིས་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད། རྒྱུན་ཨུ་ཧོ་ཀྲི་མིན་གྱིས་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་གནང་སྐབས་དུས་རབས་གསར་བའི་བྱེ་བཅོས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།འཆར་འགོད་འབྲེལ་མཐུད་དང་སྡེ་ཚན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་པ། འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་ལ་སྐུལ་འདེད་གཏོང་བ། ཐོན་ལས་ཅན་གྱི་བྱེ་བཅོས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན། རྒྱུན་ཨུ་ཚའོ་ཝེ་ཞིན་གྱིས་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་གནང་སྐབས་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ཁུལ་གཙོ་བོའི་བཅོས་སྐྱོང་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་པ། གོང་འོག་སྐྱེ་ཁམས་ཁ་གསབ་ལམ་སྲོལ་གསར་གཏོད་བཅས་བྱེད་དགོས་ཞེས་པའི་གྲོས་འགོ་བཏོན། རྒྱུན་ཨུ་ལིའུ་ཐུང་ཏེ་ཡིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས་ཞེས་པའི་གྲོས་འགོ་བཏོན།  རྒྱུན་ཨུ་ཧྥུའུ་ཀྲེ་ཀོན་གྱིས་ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཚབ་བྱས་ནས་གྲོས་འགོ་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲེན་དབྱིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།