2013ལོའི་ཟླ3པའི་ཚེས15ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས། གྲོས་ཚོགས་སྟེང་འདེམ་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད་དེ་ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བདམས། འདི་ནི་བློ་མཐུན་ཞི་ཅིན་ཕིང་དང་བློ་མཐུན་ལི་ཁེ་ཆང་རྣམ་གཉིས་ཀྱིས་བརྩེ་བའི་ཕྱག་འཇུ་གནང་བཞིན་པའི་རྣམ་པ་རེད།
1993ལོའི་ཟླ5པའི་ཚེས3ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས། ཟླ5པའི་ཚེས3ཉིན་གྱི་སྔ་དྲོའི་གྲ་སྒྲིག་གྲོས་ཚོགས་ཀྱི་རྗེས་སུ། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ་བློ་མཐུན་ལི་ཁེ་ཆང་སོགས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིར་བདམས། འདི་ནི་བློ་མཐུན་ཅང་ཙེ་མེན་དང་བློ་མཐུན་ལི་ཁེ་ཆང་རྣམ་གཉིས་ཀྱིས་བརྩེ་བའི་ཕྱག་འཇུ་གནང་བཞིན་པའི་རྣམ་པ་རེད།
2008ལོའི་ཟླ12པའི་ཚེས1ཉིན་ནི་འཛམ་གླིང་ཨེ་ཙི་ཉིན་མོ་ཐེངས21པ་རེད། བློ་མཐུན་ཧུའུ་ཅིན་ཐའོ་དང་བློ་མཐུན་ལི་ཁེ་ཆང་གཉིས་པེ་ཅིང་ཏིས་ཐན་སྨན་ཁང་དུ་ཕེབས་ནས་ཨེ་ཙི་ནད་འགོག་བཅོས་བྱ་བར་གཟིགས་ཞིབ་གནང་བཞིན་པ།
2003ལོའི་ཟླ8པའི་ཚེས8ཉིན། བློ་མཐུན་ལི་ཁེ་ཆང་གིས་ཧི་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་དུ་རྟོག་ཞིབ་མཛད། འདི་ནི་བློ་མཐུན་ལི་ཁེ་ཆང་གིས་ཡོན་དབྱང་རྫོང་ཆའོ་པའེ་ཡུལ་ཚོ་མཱ་ཀྲོང་སྡེ་བའི་སྡེ་མི་དང་བརྩེ་བའི་གླེང་མོལ་གནང་བཞིན་པའི་རྣམ་པ་རེད།
2004ལོའི་ཟླ12པའི་ཚེས26ཉིན། བློ་མཐུན་ལི་ཁེ་ཆང་ལེའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་མའོ་ཏིས་ཀིའུ་སྤྱིལ་ཁྱིམ་ཁུལ་གྱི་སྡོད་དམངས་ཝང་ཧྲུའུ་ཀྲིན་གྱི་ཁྱིམ་དུ་འཚམས་འདྲིར་ཕེབས་ནས་རྟོག་ཞིབ་མཛད་བཞིན་པ།
2013ལོའི་ཟླ5པའི་ཚེས26ཉིན། བློ་མཐུན་ལི་ཁེ་ཆང་པའོ་ལིན་དུ་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བསྡུས་པའི་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་བཞིན་པ།
2014ལོའི་ཟླ3པའི་ཚེས5ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། བློ་མཐུན་ལི་ཁེ་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་བཞིན་པ།
2008ལོའི་ཟླ5པའི་ཚེས19ཉིན། བློ་མཐུན་ལི་ཁེ་ཆང་གིས་སི་ཁྲོན་གྱི་ས་ཡོམ་གནོད་ཐེབས་ཁུལ་དུ་གནོད་འཚེའི་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།
2014ལོའི་ཟླ12པའི་ཚེས16ཉིན། བློ་མཐུན་ལི་ཁེ་ཆང་པའེ་ཨར་ཀི་ལེ་ཏི་རུ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་གསུམ་པར་ཞུགས། འདི་ནི་གྲོས་མོལ་གྱི་བར་གསེང་དུ། ཁོང་དང་ཕེབས་རོགས་པུའུ་ཀྲང་གིས་མཉམ་དུ་གྲོས་མོལ་གནང་བཞིན་པའི་རྣམ་པ་རེད།
2016ལོའི་ཟླ3པའི་ཚེས16ཉིན། བློ་མཐུན་ལི་ཁེ་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཐུག་འཕྲད་གནང་བར་མ་ཟད། གསར་འགོད་པའི་དྲི་བར་ལན་འདེབས་བཞིན་པ།
2016ལོའི་ཟླ9པའི་ཚེས21ཉིན། བློ་མཐུན་ལི་ཁེ་ཆང་ཉིག་ཡའོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་དོན་གཅིག་པའི“རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་ཏེ་ང་ཚོའི་འཛམ་གླིང་བཅོས་སྒྱུར་བྱེད་ཆེད་མཉམ་དུ་འབད་འཐབ་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་པར་མ་ཟད། 《 ཞི་བདེ་དང་བརྟན་འཇགས། རྒྱུན་མཐུད་འཕེལ་རྒྱས་ཀྱི་འཛམ་གླིང་མཉམ་དུ་འཛུགས་སྐྲུན་བྱེད་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གནང་།
2020ལོའི་ཟླ1ཚེས27ཉིན། བློ་མཐུན་ལི་ཁེ་ཆང་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཕེབས་ནས་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་མཛུབ་སྟོན་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་རིམས་ནད་འགོག་སྡོམ་གྱི་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣར་འཚམས་འདྲི་གནང་བཞིན་པ།