ཟླ10པའི་ཚེས31ཉིན་ནས་ཟླ11པའི་ཚེས2ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཚན་ཆུང་ཁྲིད་དེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་ཁེ་ལས། མཐོ་རིམ་སློབ་གྲྭར་སོང་སྟེ་བྱ་བའི་སྐོར་ནས་བརྗེ་རེས་དང་སྦྲེལ་མཐུད་བྱས་་པ་དང་། མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་བཏང་། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་སུན་ཅིན་ལུང་དང་། པུའུ་ཀྲང་ཧོང་རུན་ཆིའུ། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ལིས་ཡུན་ཙེ། ཀྲུང་གོ་ཧྭ་ཏེན་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཅང་དབྱི། སྤྱི་གཉེར་པ་ཡེ་ཞང་ཏུང་། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ལིའུ་གོ་ཡུའེ་དང་སྤྱི་གཉེར་པ་ཡུས་པེན། ཀོང་ཏ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཝུའུ་ལིས་ཅུན། ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཆིའུ་ཡུང་དང་སློབ་གཙོ་ཝང་ཞི་ཆིན། པེ་ཅིང་དགེ་ཐོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅན་ཕིང་དང་སློབ་གཙོ་མཱ་ཅུན་སོགས་སོ་སོར་གྲོས་མོལ་ལ་ཞུགས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་རོགས་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གཏན་ཁེལ་གསལ་བོ་བྱས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད། མིག་སྔར། མཚོ་སྔོན་ཧ་ཅང་གལ་བའི་གནད་འགག་གི་འཕེལ་རྒྱས་དུས་སྐབས་སུ་སླེབས་ཡོད་པས། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་ཁེ་ལས། མཐོ་རིམ་སློབ་གྲྭས་སྔར་བཞིན་དུ་མཚོ་སྔོན་གྱི་འཕེལ་རྒྱས་ཐད་སེམས་ཁུར་དང་དོ་སྣང་བྱེད་པ་དང་། སྲིད་ཇུས་དང་ལག་རྩལ། ཤེས་ལྡན་མི་སྣ། མ་དངུལ་སོགས་ཕྱོགས་ནས་མཛུབ་སྟོན་དང་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས། དངུལ་རྩའི་རྒྱབ་སྐྱོར། སློབ་གསོའི་རོགས་སྐྱོར་སོགས་ཕྱོགས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་བཅངས་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནམ་ཡང་རྒྱལ་དོན་གལ་ཆེན་སེམས་ལ་འཛིན་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། ཕྱོགས་སོ་སོའི་བར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པ་དང་སྲིད་ཇུས་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། པུའུ་དང་ཞིང་ཆེན་དང་། ཀྲུང་དབྱང་དང་ས་གནས། སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་ཀྱི་ལེའུ་གསར་བ་བྲིས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་ཁེ་ལས། མཐོ་རིམ་སློབ་གྲྭའི་འགན་ཁུར་བློ་མཐུན་གཙོ་བོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་མཐོན་པོ་བྱས་པ་དང་། རང་ཞིང་གིས་རྒྱབ་སྐྱོར་མཉམ་ལས་བྱེད་དགོས་པའི་བྱ་བའི་ཐད་ནས་ཕྱིར་ལན་བཏབ། ཁོ་ཚོས་བསྟན་དོན། མཚོ་སྔོན་གྱི་འཐབ་ཇུས་གོ་གནས་ཧ་ཅང་གལ་ཆེ་བ་དང་ཐོན་ཁུངས་ནུས་ཁུངས་ཕུན་སུམ་ཚོགས་ལ། འཕེལ་རྒྱས་ཀྱི་སྦས་ཤུགས་ཧ་ཅང་ཆེ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེར་བསྐྱེད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན། ལིའུ་ཐོ། དབྱང་ཀྲི་ཝུན། ལིའུ་ཁྲའོ་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།