སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལྟ་སྐུལ་ཚན་ཆུང་གཉིས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོ་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ལག་ལེན་གྱི་འདྲེན་བྱེད་བཞི་ཚད་གཞིར་འཛིན་པ་དང་ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བར་བྱེད་པ། རང་གཅུན་ནན་མོ་བྱེད་པའི་བྱ་བའི་རེ་བ་དོན་འཁྱོལ་བྱས་ལ། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་མཉམ་དུ་དྲི་བར་ལན་བཏང་པ་དང་སྟོབས་ཤུགས་མཉམ་འདོན་བྱས་ལ། ལྟ་སྐུལ་མཛུབ་སྟོན་ནན་མོ་བྱེད་པ་དང་མཛུབ་སྟོན་ལ་བརྟེན་ནས་ལྟ་སྐུལ་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ས་བབ་དང་བསྟུན་པ་དང་རིགས་བགར་ཇུས་བསྟར་བྱས་ནས། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་ཁག་ཐེག་བྱས།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལྟ་སྐུལ་ཚན་ཆུང་གཉིས་པས་འབྲེལ་འདྲིས་དངོས་སྡོད་ཞིབ་འཇུག་ལམ་ལུགས་བཙུགས་ནས། ལྟ་སྐུལ་ཚན་ཆུང་གི་ཁོངས་མིས་མི་གཅིག་གིས་རྫོང་གཅིག་ལ་འབྲེལ་འདྲིས་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་ལྔ་རུ་དངོས་སྡོད་ཞིབ་འཇུག་བྱེད་པ། ཁྱབ་ཁོངས་བདུན་གྱི་གཞི་རིམ་ཏང་རྩ་འཛུགས་བཅུ་ལ་མཛུབ་སྟོན་བྱེད་པ་བཅས་བྱས་པ་དང་། ཟླ་རེར་དངོས་སྡོད་ཞིབ་འཇུག་དང་འབྲེལ་འདྲིས་མཛུབ་སྟོན་ཐེངས་གསུམ་ཡན་བྱས་ཤིང་། ཞིང་སྡེའི་ཏང་ཡོན་དང་སྐོར་སྐྱོད་ཏང་ཡོན་སོགས་མི་ཚོགས་དང་ཏང་ཡོན་གྱི་སློབ་གསོ་དམ་འཛིན་བྱེད་པའི་ཕྱོགས་ནས་ཐབས་ཇུས་བཏོན་པ་དང་བསམ་ཕྱོགས་ཇེ་གསལ་དུ་བཏང་ལ། དུས་ཐོག་ཏུ་མགོ་འབུར་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་བཙལ་བར་མ་ཟད་ཡོ་བསྲང་བྱས་ཏེ། ལྟ་སྐུལ་མཛུབ་སྟོན་བྱ་བ་གཞི་རིམ་ཀྲི་པུའུ་རུ་རྒྱུན་བསྲིང་བ་དང་ཏང་ཡོན་གྱི་སྟེང་ཁེབས་པར་ཁག་ཐེག་བྱས། མིག་སྔར། དངོས་སྡོད་ཞིབ་འཇུག་དང་མཛུབ་སྟོན་ཐེངས་ལྔ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་ལ་བྱ་བའི་གྲོས་གཞི་གོ་བདུན་བཏོན།
དེ་དང་མཉམ་དུ། ཞིང་ཆེན་ཏང་ཨུ་དང་གྲོང་ཁྱེར་གྱི་ཏང་ཨུའི་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་མཉམ་འབྲེལ་བྱས་ནས་ལྟ་སྐུལ་ཚན་ཆུང་བཙུགས་ཏེ། སྐབས་བསྟུན་འཐེན་ཞིབ་དང་ཟུར་ཞུགས་གྲོས་ཚོགས། བཞུགས་མོལ་བརྗེ་རེས་སོགས་ཀྱི་རྣམ་པ་སྤྱད་དེ། ཟླ་རེར་མཉམ་འབྲེལ་ལྟ་སྐུལ་དང་མཉམ་འབྲེལ་མཛུབ་སྟོན་ཐེངས་གཅིག་སྤེལ། སྔ་གཞུག་ཏུ་མི་བརྒྱ་དང་དོན་བཞི་ཞུགས་པའི་གླེང་མོལ་ཐེངས་གཉིས་བྱས་པ་དང་། རྫོང་སོ་སོ་དང་སྡེ་ཁག་སོ་སོའི་འགོ་ཁྲིད་དང་པོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་། ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་བཞི་པ་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་བྱ་བའི་འབྲེལ་འདྲིས་བྱེད་སར་སོང་ནས། ཉིན་རྒྱུན་གྱི་བྱ་བའི་ཐད་ཀྱི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་པ་དང་། སྐབས་བསྟུན་ཞིབ་བཤེར་དང་མཛུབ་སྟོན་སྤེལ་ནས། འབྲེལ་འདྲིས་བྱེད་ས་དེ་དཔེ་སྟོན་ཡུལ་གནས་སུ་འགྱུར་བར་སྐུལ་འདེད་བཏང་། མིག་སྔར་མཉམ་འབྲེལ་ལྟ་སྐུལ་དང་མཉམ་འབྲེལ་མཛུབ་སྟོན་ཐེངས་བརྒྱད་སྤེལ་བ་དང་། འབྲེལ་འདྲིས་བྱེད་ས་བཅོ་ལྔར་སོང་ནས་མཛུབ་སྟོན་བྱ་བ་སྤེལ་བར་མ་ཟད། སྐོར་སྐྱོད་ཏང་ཡོན་སོགས་མི་ཚོགས་གཙོ་བོའི་ཏང་ཡོན་གྱི་བརྗོད་དོན་སློབ་གསོ་དམ་འཛིན་བྱེད་པའི་ཐད་ནས་བྱ་བའི་གྲོས་གཞི་ཞེ་ལྔ་བཏོན།
གཞི་རིམ་ཏང་རྩ་འཛུགས་ཀྱི་བརྗོད་དོན་སློབ་གསོ་དམ་འཛིན་བྱེད་ཆེད། སྐོར་ཐེངས་བགོས་ནས་རྫོང་དང་ས་ཁུལ།ཡུལ་ཚོ། གྲོང་རྡལ། སྡེ་བ་དང་གཞིས་ཁུལ། གཞུང་གཉེར་སྨན་ཁང་དང་གསར་གཉིས་རྩ་འཛུགས་སོགས་ལས་རིགས་སྡེ་ཁག་ཏུ་སོང་ནས། བཞུགས་མོལ་བརྗེ་རེས་དང་ཡུལ་དངོས་འཚམས་འདྲི་སོགས་ཀྱི་རྣམ་པ་བརྒྱུད་དེ། གྲོས་གཞི་བརྒྱ་དང་གཉིས་བསྡུ་ལེན་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཡོན་གྱི་གཞི་གྲངས་ཆེ་བ་དང་འཁོར་རྒྱུག་རང་བཞིན་ཆེ་བ། བར་ཁྱད་རང་བཞིན་མང་བ་སོགས་ཀྱི་ཁྱད་ཆོས་ལ་ཁ་གཏད་དེ། རིགས་བགར་སྲིད་སྤྱོད་དང་གནད་ཕིགས་རྩ་འཛུགས་བྱས་པ་དང་། མི་གཅིག་ལ་རེའུ་མིག་གཅིག་དང་སྡེ་བ་གཅིག་ལ་རྩིས་ཐོ་གཅིག ཡུལ་ཚོ་གཅིག་ལ་ཆ་འཕྲིན་མཛོད་གཅིག་གི་དོ་དམ་རྐྱེན་སྲོལ་གྲུབ་པར་སྐུལ་འདེད་བཏང་སྟེ། སྐོར་སྐྱོད་ཏང་ཡོན་གྱི་སློབ་སྦྱོང་ཡོངས་སུ་ཁེབས་པ་དང་ཆད་ལུས་མེད་པར་བྱས། རིམ་པ་སོ་སོའི་ཏང་ཀྲི་པུའུ་རྩ་འཛུགས་ཀྱི་འཚོ་བའི་མཉམ་སྤྱོད་གཡུལ་ས་དང་ཏང་ཡོན་གྱི་ཏང་གཤིས་སློབ་གསོ་རྟེན་གཞི། དྲ་ཐོག་སློབ་སྦྱོང་སྟེགས་བུ་སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས་ནས། ཁྱབ་ཁོངས་སོ་སོའི་ཏང་ཡོན་གྱི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་ཏུ་སྤེལ་བར་ཁག་ཐེག་བྱས།
དེ་ལས་གཞན། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གཉིས་པས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་ལྟ་སྐུལ་མཛུབ་སྟོན་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བའི་རྨང་གཞི་གལ་ཆེན་དུ་བརྩིས་ནས། ལྟ་སྐུལ་མཛུབ་སྟོན་གྱི་ལས་འགན་གསལ་ཁྲ་སྒྲིག་བཟོ་བྱས་པ་དང་། འགན་འཁྲི་ལས་འགན་དེ་ཕྱོགས་ལྔའི་ཐད་ཀྱི་བྱེད་ཐབས་སོ་གཉིས་རུ་དབྱེ་ཡོད་ལ། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཁོངས་མིའི་འགན་འཁྲི་བགོ་བཤའ་གསལ་བོ་བྱས་པ་དང་། ཟླ་རེ་དང་གཟའ་འཁོར་རེའི་ལྟ་སྐུལ་མཛུབ་སྟོན་བྱ་བའི་འཆར་གཞི་གཏན་འབེབས་བྱས་ཏེ། ལྟ་སྐུལ་ཐད་ནས་གཙོ་གནད་གཙོར་འཛིན་པ་དང་མཛུབ་སྟོན་ཐད་ནས་ཁ་ཕྱོགས་ཡོད་པར་བྱས། དུས་བཀག་ལྟར་ཐུག་འཕྲད་གྲོས་ཚོགས་དང་ཐུན་མོང་སློབ་སྦྱོང་། ཆེད་དོན་ཞིབ་འཇུག བརྗེ་རེས་མཉམ་སྤྱོད། ཞིབ་འཇུག་ཆུང་བ་སོགས་ཀྱི་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། ལྟ་སྐུལ་གྱི་གནད་འགག་ཁོང་དུ་ཆུད་པར་བྱེད་པ་དང་མཛུབ་སྟོན་གྱི་གཙོ་གནད་ལ་གོ་བ་ཟབ་མོ་བླངས་ཏེ། བརྗོད་དོན་སློབ་གསོའི་དམིགས་འབེན་ལས་འགན་དང་བྱེད་ཐབས་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།
རིན་ཆེན་མཚོས་བསྒྱུར།