ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས།
2023.11.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་བྱ་བའི་སྐུལ་འདེད་ཚོགས་འདུ་ཟླ་བཅུ11པའི་ཚེས་1ཉིན་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་རེ་བ་བརྒྱུད་སྒྲོག་བྱས་པ་དང་། བྱ་བའི་འཕེལ་རྒྱས་གནས་ཚུལ་སྐོར་ནས་བརྗེ་རེས་བྱས་ལ། གནས་པའི་གནད་དོན་ལ་དབྱེ་ཞིབ་དང་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ཡུའེ་ཞཱ་ཚོགས་འདུར་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ནས་བསྟན་དོན། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཀྲུང་དབྱང་གི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་དང་མཛུབ་སྟོན་འོག ས་ཁུལ་སོ་སོས་རང་ཞིང་གི་ལག་ལེན་གྱི་རྟེན་བཞི་གནད་དུ་བཟུང་བ་དང་། ལས་བྱེད་པས་བྱ་བ་བསྒྲུབས་པ་དང་རིག་ལམ་གསལ་བ། རང་གཅུན་ནན་སྲུང་བཅས་ཀྱི་བྱ་བའི་རེ་བ་དངོས་འབེབས་བྱས་ཏེ། སློབ་སྦྱོང་བྱེད་པར་སྣེ་ཁྲིད་པ་དང་རིགས་བགར་མཛུབ་སྟོན་ལ་དོ་སྣང་བྱེད་པ། གནད་དོན་གྱི་ཁ་ཕྱོགས་འབུར་ཐོན་དུ་བྱེད་པ། འཕེལ་རྒྱས་ལ་ཤུགས་བསྡུས་སྐུལ་འདེད་གཏོང་བ། ལྟ་རྟོག་དངོས་འབེབས་རྒྱུན་འཁྱོར་བྱེད་པ། བྱ་བ་གོ་རིམ་ལྡན་པར་སྤེལ་བ་དང་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལོན་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་གཞིར་བཟུང་སྟེ། བསམ་ཕྱོགས་དང་བྱེད་ཐབས། རྐྱེན་སྲོལ་བཅས་ལེགས་སྒྱུར་བྱེད་པ་དང་འཐུས་ཚང་དུ་བཏང་ནས་བརྗོད་དོན་སློབ་གསོ་གོ་རིམ་ལྡན་པར་སྤེལ་བར་འགན་སྲུང་བྱེད་དགོས། གནད་འཁེལ་མཛུབ་སྟོན་ལ་ཤུགས་བསྣན་ནས། སྲིད་ཇུས་མཛུབ་སྟོན་དང་རིགས་དགར་མཛུབ་སྟོན། དངོས་དཔེ་ཁྲིད་སྟོན་བཅས་ཀྱི་དམིགས་སའི་རང་བཞིན་གྱིས་བརྗོད་དོན་སློབ་གསོའི་དངོས་ཕན་རང་བཞིན་མཐོར་འདེགས་བྱེད་པར་སྐུལ་འདེད་གཏོང་དགོས། གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ་མིག་མཐོང་ལག་ཟིན་གྱི་དོན་དངོས་དང་དོན་བཟང་སྐོར་ཞིག་སྒྲུབ་སྟེ། མི་དམངས་མང་ཚོགས་དག་ལ་བརྗོད་དོན་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་བ་དངོས་སུ་ཉམས་སུ་མྱོང་དུ་འཇུག་དགོས། གཞི་རིམ་གྱི་རྨང་གཞིར་ཤུགས་སྣོན་པ་དང་། རྒྱུན་ཆད་མེད་པར་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཇེ་དྲག་ཏུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དང་ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས། གཅིག་འདོམས་མཐུན་སྦྱོར་བྱ་བ་བཟང་བོར་སྒྲུབ་པ་དང་། གོང་འོག་མཉམ་འབྲེལ་དང་སྔ་རྗེས་གཅིག་སྦྲེལ། སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས་གཙོ་བོ་བརྗོད་དོན་སློབ་གསོའི་ཕྱི་ཕྱོགས་ཀྱི་ཕན་ནུས་མཐོར་འདེགས་བྱེད་དགོས། རིམ་པ་བཞིན་དུ་འགན་འཁྲི་དངོས་འབེབས་བྱེད་པ་དང་སྐོར་ཞིབ་མཛུབ་སྟོན་ལ་ཤུགས་སྣོན་པ། དྲིལ་སྒྲོག་སྣེ་ཁྲིད་ལ་དོ་སྣང་བྱས་ཏེ། བརྗོད་དོན་སློབ་གསོའི་འདྲིལ་ཤུགས་ཆེན་མོར་མཉམ་དུ་སྐུལ་འདེད་གཏོང་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།