ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་ལ་བརྙན་ལམ་ནས་མཇལ་འཕྲད་གནང་།
2023.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ11པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཇར་མན་གྱི་ཙུང་ལི་ཧྲོ་ཨར་ཚིས་རྣམ་གཉིས་ཀྱིས་བརྙན་ལམ་དུ་མཇལ་འཕྲད་གནང་།

ཟླ11པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཇར་མན་གྱི་ཙུང་ལི་ཧྲོ་ཨར་ཚི་རྣམ་གཉིས་ཀྱིས་བརྙན་ལམ་དུ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་གཉིས་པའི་ནང་སླེབས་ཡོད། རྒྱལ་ཁབ་གཉིས་ཀ་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཟླ་གྲོགས་ཡིན་པའི་ངོས་ནས། ཕྱོགས་གཉིས་ཀས་གཉིས་ཕན་མཉམ་རྒྱལ་དང་ཕན་ཚུན་རྒྱབ་སྐྱོར་གྱི་འདུ་ཤེས་བཅངས་ཏེ། མཉམ་དུ་མདུན་སྐྱོད་བྱེད་པ་དང་དགེ་སྤེལ་སྐྱོན་སེལ་དང་ཕན་ཚུན་བརྗེ་རེས། ཕན་ཚུན་དཔྱད་གཞིར་འཛིན་པའི་རྣམ་འགྱུར་གྱི་ངོས་ནས་མཉམ་དུ་འཚར་ལོངས་ཡོང་བར་བྱས་པ་དེ་ནི། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་བཏང་བའི་ཉམས་མྱོང་རྩ་ཆེན་ཞིག་ཡིན་པར་བརྟེན། ཕྱོགས་གཉིས་ཀས་དེར་གཅེས་སྤྲས་དང་རྒྱུན་འཛིན་བྱེད་དགོས། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ནི་སྒོ་འབྱེད་དངོས་གཉེར་ཡིན་ལ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། མིག་སྔར། ཀྲུང་གོ་དང་འཇར་མན་གྱི་ཚོང་དོན་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀའི་དངུལ་གཏོང་སྤྲོ་སེམས་སྔར་ལས་ཆེ་རུ་འཕེལ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་འབྲེལ་བ་སྔར་ལས་ཇེ་བརྟན་དུ་འགྲོ་བཞིན་ཡོད་པར་མ་ཟད། སྔར་ལས་གསོན་ཤུགས་ལྡན་པ་བཅས་ཀྱི་རྣམ་པ་བཟང་བོ་མངོན་ཡོད། རྒྱལ་ཁབ་གཉིས་ཀས་གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་ཚུལ་སྒྱུར་ཐད་ནས་གྲོས་མོལ་དང་མཉམ་ལས་ལམ་སྲོལ་བཙུགས་ནས། གྲོས་མོལ་ཐེངས་དང་པོ་གང་མགྱོགས་ངང་མངོན་འགྱུར་བྱས་ཏེ། ཕྱོགས་གཉིས་ཀས་གནམ་གཤིས་སྲུང་སྐྱོབ་དང་ལྗང་མདོག་ཚུལ་སྒྱུར། ཁོར་ཡུག་བཅོས་སྐྱོང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ན་གཞོན་དང་ས་གནས། མཛའ་མཐུན་གྲོང་ཁྱེར་བཅས་ཀྱི་འགྲོ་འོང་ལ་ཤུགས་བསྣན་ནས། མི་སྣ་འགྲོ་འོང་ལ་སྔར་ལས་སྟབས་བདེ་གང་ལེགས་བསྐྲུན་དགོས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་འཛམ་གླིང་གི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།  ཅང་མ་འགོར་བའི་སྔོན་ལ། ཀྲུང་གོས་ཕྱི་རྒྱལ་གྱི་ཚོང་པའི་དངུལ་གཏོང་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྲིད་ཇུས་བྱེད་ཐབས་དོན་ཚན་ཉེར་བཞི་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ངས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་སྟེང་དུ། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་སུ་ཕྱི་ཕྱོགས་མ་དངུལ་བཀོལ་ཆོག་མིན་གྱི་ཚད་བཀག་མེད་པར་བཟོ་རྒྱུ་དང་། རྒྱལ་མཚམས་བརྒལ་བའི་ཞབས་ཞུའི་ཚོང་དོན་དང་དངུལ་གཏོང་ཅི་རིགས་ཆུ་ཚད་མཐོ་བའི་ངང་ནས་སྒོ་འབྱེད་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་སོགས་ཀྱི་བྱེད་ཐབས་གལ་ཆེན་ཁྱབ་བསྒྲགས་བྱས་པ་དེས། རྒྱལ་ཁབ་གཉིས་ཀའི་གཉིས་ཕན་མཉམ་ལས་ལ་གོ་སྐབས་སྔར་ལས་གང་མང་མཁོ་འདོན་ཐུབ་ངེས་ཡིན། འཇར་མན་གྱི་ཁེ་ལས་བརྒྱ་དང་སུམ་ཅུ་ལྷག་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དྲུག་པར་ཞུགས་རྩིས་ཡོད་པ་དེ་ནི། འཇར་མན་གྱི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་ཡིད་ཆེས་བྱེད་ཀྱིན་པའི་མངོན་རྟགས་ཤིག་རེད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་འཇར་མན་དུ་མཉམ་ལས་བྱེད་པ་དང་ཆུ་ཚད་མཐོ་བའི་ཕྱོགས་གཉིས་སྒོ་འབྱེད་རྒྱུན་འཁྱོངས་ཡོང་བར་རོགས་སྐྱོར་ཡོད་པའི་རེ་ལྟོས་ཆེ། ཀྲུང་འཇར་མཉམ་ལས་ཀྱིས་སྦས་ཤུགས་ཆེན་པོ་སྔར་ལས་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་མིག་སྔའི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། ས་བབ་ཐད་ཀྱི་གདོང་ཐུག་སྔར་ལས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཆུང་བ། འཇམ་འཐབ་ཀྱི་བསམ་གཞིག་བསྐྱར་དུ་འཕེལ་བཞིན་ཡོད། ཀྲུང་གོ་དང་འཇར་མན་ནི་འགན་ཁུར་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་དབང་གིས། ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་ཡག་པོ་གཏོང་བ་དང་མཉམ་ལས་གཉིས་ཕན་གྱི་མིག་དཔེ་བཟང་བོ་བྱེད་དགོས་ལ། རྒྱལ་སྤྱིའི་སྒྲིག་ལམ་དང་ཕྱོགས་མང་རིང་ལུགས་ལ་སྔར་ལས་སྲུང་སྐྱོབ་བྱས་ནས། འཛམ་གླིང་ཡོངས་ཀྱི་འགྲན་སློང་ལ་མཉམ་དུ་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་དགོས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་དེ་འཛམ་གླིང་གི་རྣམ་པ་བརྟན་ལྷིང་ཡོང་མིན་དང་། ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་དར་རྒྱས་དང་འབྲེལ་བ་ངེས་ཅན་ཡོད་པས། ཕྱོགས་གཉིས་ཀས་ནུས་ཤུགས་ཡོད་རྒུས་འབྲེལ་བ་དེར་སྲུང་སྐྱོབ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས།  ཀྲུང་གོས་ཡོ་རོབ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཟླ་གྲོགས་དང་སྣེ་མང་ཅན་དུ་འགྱུར་བཞིན་པའི་ཁྲོད་ཀྱི་སྣེ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། འཇར་མན་གྱིས་ཡོ་རོབ་མནའ་འབྲེལ་གྱིས་ཁྲོམ་ར་ཅན་དང་དྲང་གཞག་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྲོམ་རའི་དྲང་བདེན་འགྲན་རྩོད་དང་རང་མོས་ཚོང་དོན་ལ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཐོན་ལས་ཕྲེང་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོབ་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་ནན་གྱིས་གསུངས།

ཧྲོ་ཨར་ཚིས་ཀྱིས་འཇར་མན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བཟང་བོ་མུ་མཐུད་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། འཇར་མན་གྱི་ཁེ་ལས་ཀྱིས་ཀྲུང་གོ་རུ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་རེ་ལྟོས་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་ཕན་ཚུན་ཐོངས་མཆན་འགོད་པ་སྟབས་བདེ་ཅན་དུ་གཏོང་བ་དང་མི་སྣ་འགྲོ་འོང་བྱས་ནས། མི་གཞུང་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་འབད་འབུངས་བྱེད་འདོད་ཡོད་ཅེས་བསྟན།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།