རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས4ཉིན་གྱི་ཕྱི་དྲོར་ཧྲང་ཧེ་རུ་ཀྲུང་གོར་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དྲུག་པར་ཞུགས་པར་ཡོང་བའི་ཁུ་པའི་ཙུང་ལི་མཱ་ལེ་ལོ་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས4ཉིན་གྱི་ཕྱི་དྲོར་ཧྲང་ཧེ་རུ་ཀྲུང་གོར་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དྲུག་པར་ཞུགས་པར་ཡོང་བའི་ཁུ་པའི་ཙུང་ལི་མཱ་ལེ་ལོ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁུ་པ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པ་དང་། ཕྱོགས་གཉིས་ཀྱི་དམིགས་བསལ་མཛའ་མཐུན་འབྲེལ་བ་ནི་བརྟན་ཞིང་འགྱུར་བ་མེད་པ་དང་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཏིས་ཡ་སི་ཁཱ་ནེ་ཨར་གཉིས་ཀྲུང་གོ་དང་ཁུ་པ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ཡིད་འཐད་བྱུང་ཡོད་པ་དང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པའི་འཐབ་ཇུས་གདམ་གསེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་པ་དང་ཆབ་སྲིད་ཡིད་རྟོན་ལ་ཤུགས་སྣོན་པ། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དེ་ཀྲུང་གོ་དང་ཁུ་པའི་ཆུ་ཚད་མཐོ་བའི་འབྲེལ་བ་དེ་སྔར་ལས་མང་བོའི་གྲུབ་འབྲས་དངོས་སུ་བསྒྱུར་ནས་ཀྲུང་གོ་དང་ཁུ་པ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སྔོན་དང་འདྲ་བར་ཁུ་པས་བདག་དབང་ལ་སྲུང་སྐྱོབ་དང་ཐེ་གཏོགས་ལ་ངོ་རྒོལ་བྱེད་པའི་དྲང་གཞག་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ངེས་པ་དང་། ཁུ་པ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་རོགས་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ། དྲང་གཞག་དྲང་བདེན་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས་འཛམ་གླིང་བཅོས་སྐྱོང་སྔར་ལས་འདྲ་མཉམ་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། ཁུ་པའི་བར་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་དཔལ་འབྱོར་ཕན་ཚུན་གསབ་རེས་བྱེད་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་སྣེ་ཁྲིད་དུ་བྱས་ཏེ་ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་རྒྱ་བསྐྱེད་འདོད་ཡོད་ལ། ནུས་ཁུངས་གསར་བ་དང་སྐྱེ་དངོས་སྨན་རྫས། ཞིང་ལས། ཡུལ་སྐོར། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་ལེགས་ཆ་མང་བོ་བསྐྲུན་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དངོས་བསྐྲུན་འདོད་ཡོད།
མཱ་ལེ་ལོ་ཡིས་བསྟན་དོན། ཁུ་པ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀ་བློ་བརྟན་འགྱུར་མེད་ངང་རང་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་དེ་ཕྱོགས་ཡོངས་ཀྱི་མཉམ་ལས་ཐད་གྲུབ་འབྲས་གལ་ཆེན་བླངས་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་གྲོས་འགོར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲག་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་ཅཱ་ལི་པེ་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་འབད་པ་བྱེད་ངེས་ཡིན།
མཇལ་འཕྲད་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་མཛད།
ཁྲིན་ཅི་ཉིང་དང་ཝུའུ་ཀྲིན་ལུང་གོང་གི་བྱ་འགུལ་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།