རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས4ཉིན་ཧྲང་ཧེ་རུ་སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ནཱ་པེ་ཆི་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས4ཉིན་ཧྲང་ཧེ་རུ་སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ནཱ་པེ་ཆི་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་སེར་ཝེ་ཡ་གཉིས་ནི་གྲོགས་པོ་བཟང་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་སེར་ཝེ་ཡ་གཉིས་ཀྱི་འབྲེལ་བ་ཉིན་རེ་བཞིན་དམ་ཟབ་ཏུ་གྱུར་པ་དང་དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ་ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བའི་དཔེ་མཚོན་བསྐྲུན་ཡོད། ཀྲུང་གོས་སེར་ཝེ་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་དུས་སྐབས་འབྲིང་བའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བཟང་བོ་བྱེད་པ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རིག་གནས་ཡུལ་སྐོར་དང་སློབ་གསོ་སོགས་མི་གཞུང་བརྗེ་རེས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་བཅས་བྱས་ཏེ་ཀྲུང་གོ་དང་སེར་ཝེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མཐོ་ཚད་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།
པུའུ་ཨར་ནཱ་པེ་ཆི་ཡིས་བསྟན་དོན། སེར་ཝ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རང་སྟེང་གི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་བཀོད་པའི་རང་མོས་ཉོ་ཚོང་གྲོས་མཐུན་གོ་སྐབས་སུ་བྱས་ཏེ་ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་པ་དང་། སེར་ཝེ་ཡ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་དང་ཀྲུང་གོ་དང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་འདོད་ཡོད།
ཁྲི་ཅི་ཉིང་དང་ཝུའུ་ཀྲིན་ལུང་གོང་གི་བྱ་འགུལ་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།