ལིས་ཆང་གིས་ཧ་སག་སི་ཐན་གྱི་ཙུང་ལི་སཱི་མའེ་ལཱོ་ཧྥུའུ་ལ་མཇལ་འཕྲད་གནང་།
2023.11.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 214

ཟླ11པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲང་ཧའེ་རུ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དྲུག་པར་ཞུགས་པར་ཡོང་བའི་ཧ་སག་སི་ཐན་གྱི་ཙུང་ལི་སཱི་མའེ་ལཱོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ11པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲང་ཧའེ་རུ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དྲུག་པར་ཞུགས་པར་ཡོང་བའི་ཧ་སག་སི་ཐན་གྱི་ཙུང་ལི་སཱི་མའེ་ལཱོ་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོ་དང་ཧ་སག་སི་ཐན་བར་དངོས་སུ་འབྲེལ་བ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་སྣ་མང་ཐེག་ཐུབ་པར་གྱུར་ཏེ། རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་འཕེལ་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གྱིས་མཉམ་དུ་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ནི། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་གཟིགས་རྒྱང་རིང་བའི་ཐབས་ཇུས་ཤིག་ཡིན་ལ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་རྩ་བའི་བརྩི་སྲུང་བྱེད་ཡུལ་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་སྣེ་ཁྲིད་བྱས་ཏེ། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་དང་ཚད་མཐོའི་ཡིད་ཆེས། སྐྱིད་སྡུག་མཉམ་མྱོང་བཅས་ཀྱི་འདུ་ཤེས་དེ་རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཀྱི་ཕྱོགས་སོ་སོར་ཁྱབ་པར་བྱས་ནས། དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་སྟེང་དུ། ཕན་ཚུན་རྒྱབ་སྐྱོར་དང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་ལེགས་བསྐྲུན་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”མུ་མཐུད་དུ་སྤུས་ཚད་མཐོ་བའི་ངང་མཉམ་སྐྲུན་བྱས་ནས། 《ཀྲུང་གོ་དང་ཧ་སག་སི་ཐན་སྲིད་གཞུང་བར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་འཆར་འགོད》དོན་འཁྱོལ་ཡག་པོ་བྱས་ཏེ། ཚོང་དོན་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཐོན་ནུས་དང་དངུལ་གཏོང་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། པར་གཞི་གསར་བའི་དངུལ་གཏོང་སྲུང་སྐྱོབ་གྲོས་ཆོད་མགྱོགས་མྱུར་ངང་འགོད་པ། ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་སྐྱེད་གཏོང་བ། ནུས་ཁུངས་གསར་བའི་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། མཐའ་མཚམས་ཀྱི་འགག་སྒོ་དང་རྒྱལ་མཚམས་ལས་བརྒལ་བའི་སྐྱེལ་འདྲེན། སྐམ་ས་དང་མཚོ་ཐོག་སྐྱེལ་འདྲེན་བྱེད་སྟངས་སྣ་མང་མཉམ་འདྲེན་སོགས་ཕན་ཚུན་འབྲེལ་མཐུད་ཀྱི་གནས་སྟངས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཡུལ་སྐོར་དང་ན་གཞོན། ས་གནས་སོགས་མི་གཞུང་རིག་གནས་བརྗེ་རེས་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཧ་སག་སི་ཐན་ཕྱོགས་ཀྱིས་སྐབས་རྗེས་མའི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་ཡག་པོར་གཉེར་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ཡག་པོར་བསྒྲུབ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས། མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལམ་སྲོལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

སཱི་མའེ་ལཱོ་ཧྥུའུ་ཡིས་ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་དང་དེ་བཞིན། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱིན་ཡོད་ཅིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ། “ངན་ཤུགས་གསུམ”ལ་མཉམ་དུ་རྡུང་རྡེག་གཏོང་བ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལམ་སྲོལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བཅས་བྱེད་འདོད་ཡོད་ཅེས་བསྟན།

ཁྲིན་ཅི་ཉིང་དང་ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།