མཚོ་ཤར་གྲོང་ཁྱེར་གྱིས“གསར་པ་གཉིས”ཀྱི་ཁྱབ་ཁོངས་ཀྱི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།
2023.11.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ11པའི་ཚེས2ཉིན་གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན།“གསར་པ་གཉིས”ཀྱི་ཁྱབ་ཁོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཆེད། མཚོ་ཤར་གྲོང་ཁྱེར་གྱིས“གསར་པ་གཉིས”ཀྱི་རྩ་འཛུགས་ཁྱབ་རྒྱ་ཆེ་བ་དང་། རིགས་སྣ་མང་བ། ཏང་ཡོན་སྐོར་སྐྱོད་རང་བཞིན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས“གསར་པ་གཉིས”ཀྱི་ཁྱབ་ཁོངས་ཀྱི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།

བརྗོད་དོན་སློབ་གསོ་སྤེལ་འགོ་ཚུགས་རྗེས། མཚོ་ཤར་གྲོང་ཁྱེར་གྱིས་འཕྲལ་དུ《གྲོང་ཁྱེར་ཡོངས་ཀྱི“གསར་པ་གཉིས”ཀྱི་རྩ་འཛུགས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》གཏན་འབེབས་བྱས་ཏེ་པར་འགྲེམས་བྱས་པ་དང་། ལས་རིགས་དོ་དམ་སྡེ་ཁག་དང་རིམ་པ་ཁག་གི་ཏང་ཨུ་དང་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོའི་ཆབ་སྲིད་ཀྱི་འགན་འཁྲི་དང“གསར་པ་གཉིས”ཀྱི་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་གཞི་རྩའི་འགན་འཁྲི། བྱ་བའི་ནང་དོན། ཞིབ་ཕྲའི་བླང་བྱ་བཅས་གཏན་ཁེལ་གསལ་བོ་བཟོས་ནས་ལས་དོན་ཚང་མ་དོན་འཁྱོལ་ཞིབ་མོ་བྱས། རྫོང་ཨུ་དང་ཆུས་ཨུ་ཡི“གསར་པ་གཉིས”ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྫོང་ཨུ་དང་ཆུས་ཨུ་ཡི་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་དང་མཉམ་དུ“གསར་པ་གཉིས”ཀྱི་ཏང་རྩ་འཛུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་འཆར་གཞི་དུས་ཐོག་ཏུ་ཞིབ་བཤེར་གཏན་འབེབས་བྱས་ཏེ། ཁ་ཕྱོགས་མི་ནོར་བ་དང་དམིགས་ཚད་མི་འགྱུར་བར་ཁག་ཐེག་བྱས།

“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་འདྲི་རྟོག་ཆེན་མོ་དང་རྟོག་ཞིབ་ཆེན་མོ། གྲལ་བཤེར་ཆེན་མོ། འགག་སྒྲོལ་ཆེན་མོ་བཅས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་འགུལ་རྣམ་མཐིལ་རྟོགས་དང་གཞི་གྲངས་ཁོང་དུ་ཆུད་པར་བྱས་ཏེ། བརྗོད་དོན་སློབ་གསོའི་ནང་ཞུགས་པའི“གསར་གཉིས”རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་མིང་ཐོ་སྒྲིག་བཟོ་བྱས་པར་མ་ཟད། ཏང་ཡོན་གྱི་ལས་དོན་དང་འཚོ་བའི་དོན་དངོས་ལ་གཞིགས་ཏེ“ཐག་ཉེ་དང་སྟབས་བདེའི”རྩ་དོན་གཞིར་བཟུང་ནས་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་ལ་ཞུགས་པའི་ཏང་རྩ་འཛུགས་གཏན་འཁེལ་དང“གསར་གཉིས”རྩ་འཛུགས་ཀྱི་ཏང་ཡོན་ཚང་མ་བརྗོད་དོན་སློབ་གསོའི་ནང་ཞུགས་རྒྱུར་འགན་ལེན་བྱས།  “གསར་གཉིས”རྩ་འཛུགས་ཀྱི་ཏང་རྩ་འཛུགས131གི་ཏང་ཡོན་སུམ་སྟོང་སུམ་བརྒྱ་དང་གསུམ་གྱིས་དྲ་ཐོག་ནས“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”དང་། “གུང་ཁྲན་ཏང་ཡོན་གྱི་དྲ་བ” “ཏང་གི་སློབ་ཚན་ཁྲིད་འགོ་ཚུགས་པ” “མཚོ་ཤར་ཏང་འཛུགས”སོགས་ཀྱི་ལས་སྟེགས་བརྒྱུད་ནས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་ཁྲོད་ཞུགས་ཡོད། དྲ་ཐོག་ཏུ“གསར་པ་གཉིས”ཀྱི་གཞི་རིམ་ཏང་རྩ་འཛུགས་ཁག་གིས་གཡུལ་ས་གཙོ་བོར་བྱས་ནས་སློབ་སྦྱོང་གི་རྒྱུ་ཆ་སྟེར་བ་དང་སྒོ་ཁར་སློབ་སྦྱོང་བྱེད་པར་སྐྱེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་བརྗོད་དོན་སློབ་གསོའི་ཕན་འབྲས་ཆེ་རུ་བཏང་ཡོད།