ཟླ11པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་པེ་ཅིང་དུ་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཅིན་ཞིའུ་དང་གྲོས་མོལ་མཛད།
ཟླ11པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་པེ་ཅིང་དུ་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཅིན་ཞིའུ་དང་གྲོས་མོལ་མཛད།
ལིས་ཞི་ཡིས་བསྟན་དོན། ཀྲུང་གོ་དང་ཡའོ་ནན་ནི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། བློས་ཐུབ་བཟང་བོ། ཟླ་གྲོགས་བཟང་བོ་ཡིན་ལ། འཐབ་ཇུས་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། མཐོ་རིམ་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཆེར་གཏོང་བ། སྲོལ་རྒྱུན་མཛའ་མཐུན་དར་སྤེལ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་སྤུས་ཚད་མཐོ་བ་དང་སྔར་ལས་གཏིང་ཟབ་པ། སྔར་ལས་རྒྱ་ཆེ་བའི་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱས་པར་བསྟོད་བསྔགས་བྱས་ལ། ཡའོ་ནན་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་ཞི་བདེ་དང་དྲང་གཞག་དྲང་བདེན་ཡོང་བར་སྲུང་སྐྱོབ་བྱེད་དགོས།
ལིས་ཞི་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཏང་གིས་དུས་ཡུན་རིང་བོར་སྲིད་སྐྱོང་བའི་ཆ་རྐྱེན་འོག་རང་ངོས་ལྟ་སྐུལ་གྱི་བརྒྱུད་ལམ་འཚོལ་དགོས་པའི་དགོངས་འཆར་བཏོན་ལ། དེ་ནི་ཏང་གཉིས་ཀྱིས་མཉམ་དུ་ཁ་གཏད་འཇལ་དགོས་པའི་གནད་དོན་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཡའོ་ནན་གུང་ཁྲན་ཏང་བར་གྱི་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་ཐད་ཕན་ཚུན་དཔེ་ལྟ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་སྡེ་ཁག་གི་བརྗེ་རེས་ལ་ཤུགས་སྣོན་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕྱོགས་མང་མཉམ་ལས་དང་ཁྲིམས་འཛིན་ཁྲིམས་བསྟར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་དག་གཙང་གི་དར་གོས་ཚོང་ལམ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དུས་རབས་ཀྱི་བརྗོད་དོན་མུ་མཐུད་དུ་ཕུན་སུམ་ཚོགས་པར་གཏོང་དགོས།
ཁྲིན་ཅིན་ཞིའུ་ཡིས་བསྟན་དོན། ཡའོ་ནན་གྱིས་ཀྲུང་གོའི་དུས་རབས་གསར་བའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་གྲུབ་འབྲས་རླབས་ཆེན་བླངས་པར་རྟེན་འབྲེལ་ཞུས་པ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་འོག་སྤུན་ཟླ་ལྟ་བུའི་ཀྲུང་གོའི་མི་དམངས་ཀྱིས་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་འབད་འཐབ་དམིགས་འབེན་སོ་སོ་ལེགས་འགྲུབ་བྱེད་ཐུབ་པའི་ཡིད་ཆེས་ཡོད། ཡའོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་སྣེ་ཁྲིད་འོག ཡའོ་ནན་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་བཟང་བོ་མངོན་ཡོད། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཕྱི་འབྲེལ་སྲིད་ཇུས་ཀྱི་འཐབ་ཇུས་གདམ་ག་གལ་ཆེན་དུ་བརྩིས་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་མི་སྣའི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་བྱེད་པ་དང་། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་གཏིང་ཟབ་ཏུ་གཏོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་སོགས་ཕྱོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཡའོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།