ཟླ11པའི་ཚེས6ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པར་མ་ཟད། འབྲེལ་ཡོད་ཀྱི་བྱ་བར་ཉན་ནས་གྲོས་ཞིབ་བྱས།
གྲོས་ཚོགས་ནས་ཟླ9པའི་ཚེས27ཉིན་དང་ཟླ10པའི་ཚེས27ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་། ཀྲུང་དབྱང་དངུལ་རྩ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བརྒྱད་པ་དང་ཐེངས་དགུ་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཧེ་ལུང་ཅང་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། མགོ་འཛིན་མཛད་དེ་དུས་རབས་གསར་བར་བྱང་ཤར་གྱི་ཕྱོགས་ཡོངས་ཀྱི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་སྤེལ་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་སྒྲོག་སློབ་སྦྱོང་བྱས། གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་གཞུང་ལུགས་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱིས་དཀའ་ངལ་མང་བོ་ཁྱད་དུ་བསལ་ནས་གོམ་སྟབས་བརྟན་པོས་རྒྱང་དུ་བསྐྱོད་པའི་གཞི་རྩའི་ཕྱོགས་སྟོན་ཡིན་ཞིང་། རིགས་སོ་སོའི་ལས་བྱེད་པ་དག་གིས་ཡིད་ཆེས་བརྟན་པོ་དང་བརྩོན་སེམས་ཆེ་བ། མཐུན་སྒྲིལ་འབད་འཐབ་བཅས་བྱེད་པར་སྐུལ་མ་གཏོང་བའི་འགུལ་སྐྱོད་རྩ་གནད་ཀྱང་ཡིན་ལ། དེར་ཆབ་སྲིད་རང་བཞིན་དང་གཞུང་ལུགས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་ཙུའུ་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས་ཏེ། བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱེད་དགོས། ཆབ་སྲིད་ཀྱི་མཐོ་ཚད་ནས་ཏང་ཙུའུ་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཐད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསྟུད་མར་གོ་བ་ཟབ་མོ་བླངས་ནས་དོན་འཁྱོལ་བྱེད་པའི་སྟེང་ཤུགས་འདོན་དགོས་པ་དང་། ཟོལ་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བཟང་བོ་བྱེད་པའི་བྱ་བ་དེ་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་གྱི་ལག་ལེན་ཁྲོད་མངོན་པར་བྱེད་དགོས་ལ། དོན་དངོས་བྱ་སྤྱོད་ཀྱིས་གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་དགོས། བྱ་བ་དམ་འཛིན་བྱེད་པའི་ཕྱོགས་ནས་སྲིད་གྲོས་ཀྱི་གཅིག་གྱུར་འཐབ་ཕྱོགས་ཀྱི་རྩ་འཛུགས་ནུས་པ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཟོལ་མེད་ཀྱིས་དགོངས་པ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས་ལ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་བྱ་བའི་ཆེ་ཕྱོགས་ལ་གཅིག་གྱུར་བྱེད་དགོས་པར་མ་ཟད། བྱ་བའི་ལག་ལེན་ལ་རྐང་བཙུགས་ནས་རྟོག་དཔྱོད་ཞིབ་འཇུག་ཟབ་མོ་བྱེད་པ་དང་། རང་འགུལ་གྱིས་བློ་འདོན་ཇུས་འབུལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྔར་ལས་ལྷག་པའི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
གྲོས་ཚོགས་ནས་ཞིང་ཆེན་སྲིད་གྲོས་རྩ་འཛུགས་ཀྱིས་ཆེད་དོན་ཞིབ་འཇུག་བྱ་བ་སྤེལ་བའི་ཚོད་ལྟའི་བྱེད་ཐབས་དང་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཟླ་དང་པོ་ནས་ཟླ་བཅུ་པའི་བར་གྱི་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བ་གཙོ་བོ་དང་གྲོས་མོལ་འཆར་གཞི་ཡོངས་འགྲུབ་བྱས་པའི་གནས་ཚུལ་གྱི་ལྟ་རྟོག་ཞིབ་བཤེར་སྙན་ཞུར་ཉན།
བསོད་ནམས་ཚེ་རིང་གིས་བསྒྱུར།