ས་གནས་སོ་སོས་བརྗོད་དོན་སློབ་གསོ་མུ་མཐུད་ཏན་ཏིག་ངང་སྤེལ།
2023.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི། དགོངས་པ་འདི་ཉིད་བེད་སྤྱོད་གང་ལེགས་གཏོང་རྒྱུ་དང་། དགོངས་པ་འདི་ཉིད་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱེད་ཆེད་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དངོས་སུ་སྤེལ་བ་ནས་བཟུང་། ས་གནས་སོ་སོས་བདེན་འཛིན་དངོས་སྒྲུབ་དང་དངོས་ཕན་དོན་གཉེར་བྱས་ཏེ། གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་པ་དང་གནད་དོན་རྙེད་ཐབས་སུ་སློབ་སྦྱོང་བྱེད་པ། གནད་དོན་བཅོས་སྐྱོང་ལ་དམིགས་ནས་སློབ་སྦྱོང་བྱེད་པ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དང་དག་ཐེར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་བྱེད་ཐབས་ཁག་ཟུང་འབྲེལ་དམ་ཟབ་ཡོང་བར་བྱེད་པ་དང་གཞི་གཅིག་ཅན་དུ་འཕེལ་བར་སྐུལ་འདེད་ནན་མོ་བཏང་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་འཕེལ་བར་སྐུལ་འདེད་ནུས་ལྡན་བཏང་།

ཧྥུའུ་ཅན་གྱི་རིམ་པ་སོ་སོས“གཞི་རིམ་དུ་བསྐྱོད་དགོས་པ་བཞི”བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་དམིགས་ཡུལ་དུ་བརྩིས་ནས། སྒྲོག་འགྲེལ་པ་གཞི་རིམ་དང་ཡུལ་ཚོ་དང་གྲོང་རྡལ་དུ་དངོས་སུ་བསྐྱོད་དེ། དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཕྱོགས་དྲིལ་སྒྲོག་གང་ལེགས་བྱས།

ཨན་ཧོས་ཀྱི་ས་གནས་སོ་སོས་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེད་རྒྱུ་ཁྲིད་ཕྱོགས་སུ་བཟུང་ནས། བརྟག་དཔྱད་ཞིབ་འཇུག་ནན་མོ་དང་དངོས་ཕན་དོན་གཉེར་བྱས་ཏེ། བརྗོད་དོན་སློབ་གསོ་མུ་མཐུད་ཏན་ཏིག་ངང་སྤེལ།

བན་དེ་སྐྱབས་ཀྱིས་བསྒྱུར།