ཟླ11པའི་ཚེས8ཉིན་གསར་འགོད་པས་མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྫོང་དེས་མི་དམངས་མང་ཚོགས་ཀྱི་དོ་ཁུར་ཆེན་པོ་བྱེད་ས་དང་མང་ཚོགས་དང་ཆེས་ཐད་ཀར་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་ནས་མགོ་བརྩམས་ཏེ། གོང་འོག་མཉམ་འགུལ་དང་མཉམ་དུ་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ། དམངས་ལ་ཕན་ཁེ་སྒྲུབ་པའི་ཞབས་ཞུའི་ཁྲོད་རང་རྟོགས་སྒོས་ཞུགས་རྒྱུ་དང་འགན་འཁྲི་འཁུར་ཕོད་པར་ཁྲིད་སྟོན་གང་ལེགས་བྱས་ནས། མང་ཚོགས་ལ་བརྗོད་དོན་སློབ་གསོ་སྤེལ་བ་ལས་བྱུང་བའི་འགྱུར་ལྡོག་གསར་བ་དང་ཕན་འབྲས་གསར་བ་དངོས་ཚོར་དུ་བཅུག
བརྗོད་དོན་སློབ་གསོ་དངོས་སུ་སྤེལ་བའི་རིང་ལ། མིན་ཧི་རྫོང་གིས་མང་ཚོགས་ཀྱིས་རེ་ལྟོས་ཆེན་པོ་བྱེད་པའི་གནད་དོན་ལ་དམ་པོར་དམིགས་ཏེ། དོན་དངོས་དང་བསྟུན་པའི་བྱེད་ཐབས་སྤྱད་དེ། མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་ཐབས་བྱས། རྫོང་རིམ་པའི་མགོ་ཁྲིད་ཀྱིས“གཞི་རིམ་དུ་བསྐྱོད་དགོས་པ་བཞིའི”ལམ་ལུགས་དང་ཟུང་འབྲེལ་བྱས་ཏེ། སྡེ་ཁག་དང་ལས་རིགས། ཁྱབ་ཁོངས་བཅས་ལས་བརྒལ་བའི་དཀའ་གནད་སེལ་རྒྱུ་གཙོ་གནད་དུ་བཟུང་ནས། “བཅར་འདྲི་ཆེན་མོ་དང་གྲལ་བཤེར་ཆེན་མོ། རྟོག་ཞིབ་ཆེན་མོ། དག་ཐེར་ཆེན་མོ”བཅས་ཀྱི་བྱེད་སྒོ་སྤེལ་ནས་གཙོ་གནད་ལས་གཞིར་སྐུལ་འདེད་བཏང་བ་དང་། རྫོང་གྲོང་གི་བགྲོད་ལམ་ཇེ་ཡག་ཏུ་གཏོང་བ་དང་སྡོད་ཁང་ཁྱབ་ཁོངས་ཀྱི་འཕྲིན་བཅར་གྱི་གྱོད་རྙིང་བརྟན་པོའི་ངང་སེལ་བ་སོགས་དམངས་ཚིས་བྱ་བ་དངོས་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་པ་དང་། རྫོང་ཐད་གཏོགས་སྡེ་ཁག་གིས་བྱ་བའི་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ནས། མང་ཚོགས་ལ་དོན་དངོས་སྒྲུབ་པའི་གོ་རིམ་ཁྲོད་དཀའ་ཁག་ཅི་ཡོད་སེལ་བར་འབད་དེ། སྨན་བཅོས་དང་སློབ་གསོ། འགྲིམ་འགྲུལ་སོགས་དམངས་ཚིས་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། ཡུལ་ཚཕ་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ལོ་ལོན་ཁྱིམ་ཚང་ལ་སྒྱུར་བཀོད་བྱས་པ་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་སྡེ་ཁུལ་དུ། “སློབ་མའི་ཆེད་སྤྱོད་རླངས་འཁོར”གཏོང་ཐེངས་སྔར་ལས་ཇེ་མང་དུ་བཏང་ལ། དུས་བཅད་ལྟར་གནས་གཏན་འཁེལ་གྱིས་སློབ་མ་ཡར་སྐྱེལ་མར་ལེན་བྱེད་པ་སོགས་དམངས་ཕན་བཟོ་སྐྲུན་ལག་བསྟར་བྱས་པ་ལས་གཞན། ཡུལ་ཚོ་དང་གྲོང་རྡལ། སྡེ་བ། སྡེ་ཁུལ་བཅས་ཀྱི་ཏང་རྩ་འཛུགས་ཀྱིས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་པ་དང་དམངས་ཚིས་ལ་འགན་ལེན་བྱེད་པ། གྲོང་གསེབ་དར་སྤེལ་སོགས་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ། ཆུ་ལོག་སྔོན་འགོག་ཆུ་ཡུར་དང་རང་འབབ་ཆུའི་བཞུར་ལམ་ཞིག་གསོ་སོགས་དམངས་ཕན་དོན་དངོས་མང་པོ་བསྒྲུབས། མིག་སྔར་ཏང་རྩ་འཛུགས་སོ་སོས་དམངས་ཚིས་དོན་དངོས་བརྒྱད་བརྒྱ་དང་གོ་ལྔ་ཐག་བཅད་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།